e-texts navigator
Collection
Volume
Page
Wylie

125b1 བ་ཡིད་གཉིས་མེད་པ་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་བརྗོད་པས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཆོག་སྦྱིན་དམ་པ་བསྟན་པའི་ལེའུ
125b2 སྟེ་བཅཝ་བརྒྱད་པའོ། ། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །བླ་མེད་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ
125b3 མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག་།ཡོད་མེད་དབུ་མ་འང་མི
125b4 དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་གཅོད་གཅད་དུ་མེད། །སྲོག་ཀྱང་སྐྱེས་བུའི་ལོག་རྟོག་ཙམ། །བདེན་པ་གཉིས་ཀར་དབྱེ་མེད་པས། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླངས
125b5 མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །མིང་དང་ཚིག་ཏུ་བརྟགས་པ་བརྫུན། །བརྫུན་ཉིད་ལ་ནི་བརྫུན་སྤྱོད་པ། །བརྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །
125b6 ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཉིད་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག་།
125b7 གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །
125b8 རྩ་བ་ཡིན་ཏེ་རིགས་མེད་འགྱུར། །མི་སྤང་མི་དོར་ལྔ་གཉིས་ནི། །ཡན་ལག་དམ་ཚིག་འདའ་དཀའོ། །མཉམ་ལ་མཉམ་པར་སྦྱོར་བ་ཡིན། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །འདས་ནས་སངས་རྒྱས




iiif viewer powered by OpenSeadragon

125a - 126a

Texts on this page

J750 - dpal gsang ba'i snying po de kho na nyid rnam par nges pa