e-texts navigator
Collection
Volume
Page
Wylie

123a1 དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཆོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ལོ། །བཅོམ
123a2 ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པད་མའི་སྐུ་ལ་ཁྲག་གིས་མྱོས་མ་དང་། གཅིག་པུ་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་ཀྱི་སྐུ་ལ་མེ
123a3 མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ལོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུ~ཾ་ཞེས་བརྗོད་པས་པད་མའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ
123a4 བཅུམ་པར་གྱུར་ཏོ། །དེ་ནས་དགྱེས་ཧེ་ཧ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས་དཀར་མོའི་ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས
123a5 དང་། རྨེ་ཤ་ཅན་གྱི་ཚོགས་དང་། མ་ཚོགས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་ཀྱིས་རང་རང་གི་ལག
123a6 ཆ་དང་བཅས་ནས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་ཧེ་ཧེ་ཧེ་ཞེས་བརྗོད་པས་སེང་གདོང་ཆེན་མོའི་ཚོགས་དང་། སྟག་གདོང་ཆེན་མོའི་ཚོགས་དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་གདོང་ཆེན་མོའི་ཚོགས་དང་། བཞད་གདོང་ཆེན་མོའི་ཚོགས
123a7 དང་། ཀཱང་ཀའི་གདོང་ཆེན་མོའི་ཚོགས་དང་། དུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་ཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ
123a8 ཤར་གྱི་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ་ཁྱབ་པར་བྱས་ནས་ཕཊ་ཅེས་བརྗོད་པས། རྡོ་རྗེ་སྲིད་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མའི་ཚོགས་དང




iiif viewer powered by OpenSeadragon

122b - 123b

Texts on this page

J750 - dpal gsang ba'i snying po de kho na nyid rnam par nges pa