| | e-texts navigator
|
122b1 ཡན་ལག་ཀུན་བཅད་གཏུབས་ནས་ཁྲག་ཀུན་འཐུངས་ནས་རུས་པ་ཀུན་འཆོས་སོ། །དེ་ནས་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་བྷྱོ་ཨེ་ཨཱ་ར་ལི་ཛཿཛཿ་ཞེས་བརྗོད་པས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས་འབྲུ་གཅིག་ཙམ་གྱི་ནང་དུ
122b2 ཆུད་པར་བསྡུས་སོ། །དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ་དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་དབང་མོ་དང་། འཇུག་སྲེད་མོ་དང་།
122b3 གཞོན་ནུ་མ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཆོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་པ་དང་། གཅིག་པུ་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་དང་།
122b4 གསོད་བྱེད་མ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱད་མ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་ནག་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ། བྲན་དང་།
122b5 ཡང་བྲན་དང་། གཡོག་དང་། ཡང་གཡོག་དང་། འཁོར་ཞིང་གི་རྡུལ་སྙེད་བསྡུས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས།
122b6 དེ་དག་ཀུན་དགྱེས་པར་རོལ་པའི་དཀྱིལ་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ོཾ་ཨཱ~ཾཿཧཱུ~ཾ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿ་ཞེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་ཤིན
122b7 དུ་ཆགས་པའི་ཡིད་གཡོས་ནས་པད་མའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་དང་།
122b8 དགའ་བ་མོ་དང་། གསོད་བྱེད་མ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་ཚངས་མ་དང་། འཁྲུག་མོ་དང
iiif viewer powered by OpenSeadragon
122a - 123a