e-texts navigator
Collection
Volume
Page
Wylie

112b1 མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །
112b2 འཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །སྟོང་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །མ་གཡོས་བཞིན་དུ་སྣ་ཚོགས་པའི། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད
112b3 ཀྱིས་མ་བཅོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྦོང་གཟུགས་སུ་རྣམ་པར་བསྟན། །དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ
112b4 རྣམས་ལ་བསེ་རུའི་གཟུགས། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །
112b5 སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །
112b6 དེ་ནས་ས་བཅུ་རིམ་གྱིས་འབྱང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །མཚན་དང་དཔེ་བྱད་ཐམས་ཅད
112b7 རྫོགས། །སྤྱོད་ཡུལ་ཀུན་དུ་མཎྜ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཐབས་དང་ཤེས་རབ་ས་ཡི་མཆོག་།དེ་ལ་སོགས་ཏེ་བསམ་ཡས་མཆོག་། སྐྱེ་ཤི་མེད་པ་གཡུང་དྲུང་སྐུ། །ཉོན་མོངས་ཀུན་གྱི་ཞིང་དུ
112b8 གནས། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །རྡོ་རྗེ་འཛིན་པ་རིག་པའི་སྐུ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་བརྗོད་པས། འཇིག




iiif viewer powered by OpenSeadragon

112a - 113a

Texts on this page

J750 - dpal gsang ba'i snying po de kho na nyid rnam par nges pa