e-texts navigator
Collection
Volume
Page
Wylie

101b1 ཡིག་འབྲུ་འབར་བའི་གའུར་གསལ། །པདྨ་འབར་བའི་གའུ་འདི། །ཡི་གེ་ཕྲེང་བ་འཁྱིལ་བའི་གནས། །དཔེར་ན་མེ་ཏོག་འབར་བ་ལས། །བཅུད་ལེན་བུང་བས་བཅུད་བླངས་ཏེ། །རྩི་ཡི་བུར་བུ་སོག་པ་ལྟར། །དཔལ་བེའུ་ཐུགས་ཀྱི་དཀྱིལ
101b2 འཁོར་ནས། །རིན་ཆེན་འོད་ཀྱི་མེ་ཏོག་འབར། །རུ་ལུའི་ཡིག་འབྲུ་བཅུད་ཀྱིས་རྒྱས། །རྣལ་འབྱོར་སེམས་ལས་བྱས་པ་ཡི། །བཅུད་འབྱིན་བུང་བ་མང་པོ་འཕྲོ། །ཕར་ལྡིངས་ཡི་གེའི་བཅུད་ཕྱུང་ནས། །ཚུར་ལྡིངས་སེམས་ཀྱི་ག་འུར་བསྟིམ། །
101b3 དང་པོ་ཤེལ་གྱི་ཁ་དོག་ལ། །ཤིན་དུ་གསལ་ཞིང་འཚེར་འབར་བ། །གནས་དགུ་དག་ཏུ་ཟླ་བ་ཡི། །ཐིག་ལེ་དཀྱིལ་ཀྱི་དཔལ་བེའུ་ལ། །འབྲུ་བཀོད་གསལ་བར་གྱུར་པ་དང་། །ཤེལ་གྱི་བུང་བ་མང་པོ་དག་།ཁྱུང་ཆེན་ལྡིངས་བའི་བོང་ཚོད་ཙམ། །
101b4 ཕར་ལྡིངས་བཅུད་ཕྱུང་ཚུར་གསིབས་པས། །ཡིག་འབྲུ་ཡེ་ཤེས་མེ་འབར་བས། །བག་ཆགས་བུད་ཤིང་ཕུང་པོ་བསྲེགས། །ཕར་སྤྲོས་ཐུགས་རྗེས་ས་ལ་བསྐུལ། །ཇི་ལྟར་ཉི་གཟེར་ཚ་ཚ་ལྟར། །རྒྱུན་མི་འཆད་པར་རྩེ་གཅིག་འབར། །བར་དུ
101b5 བྱི་རུའི་ཁ་དོག་ལ། །གོང་མ་བཞིན་དུ་བཀོད་གསལ་ལ། །བྱི་རུ་བུང་བ་མང་པོ་དང་། །གོང་མ་བཞིན་དུ་འཕུར་ལྡིངས་པས། །བཅུད་ཕྱུང་བསྟིམ་ཞིང་སླར་ལ་འཕྲོ། །ཇི་ལྟར་མེ་མགལ་འཁོར་ཚུལ་དུ། །དཔལ་བེའུ་སྨུག་པོའི་ཀློང་དུ་བསྟིམ། །
101b6 ཀུན་གྱི་ཐ་མར་བསྡུ་བ་ནི། །བཀོད་པའི་གོང་མ་ཐམས་ཅད་ཀུན། །འཐིང་ནག་འབར་བ་བསྒྱུར་ནས་ནི། །ཁྱུང་ཆེན་གཟན་ལ་འཇུམས་ཚོད་ཙམ། །ཧཱུ~ཾ་སྒྲ་འབྱིན་ཅིང་ཕན་ཚུན་ལྡིངས། །རུ་ལུ་བཅུད་འབྱིན་དངོས་གྲུབ་རློབ། །དྲན་པའི་དཀྱིལ
101b7 ནས་ཛ་ཕྱུང་སྟེ། །ལྕགས་ཀྱུ་འབར་བ་ག་འུར་བཙས། །དཔལ་བེའུ་འི་དཀྱིལ་ན་སྤུངས་པ་ཡིས། །རུ་ལུ་རིན་ཆེན་ཕུང་པོ་དག་།བསྡུས་ཤིང་དྲངས་ཏེ་གནས་སུ་བསྟིམ། །འབབ་པའི་ཤུགས་སམ་བྱིན་བརླབས་ནི། །མཚོ་ལ་སེར་ཆེན་འདྲིལ་ལྟར་རོ། །
101b8 འདི་ལྟར་ཡི་གེར་སྦྱར་བའི་ཚེ། །རྣལ་འབྱོར་ཉག་གཅིག་མ་ཡིན་གྱི། །ལྷ་མཆོག་དབྱིངས་ནས་བཞུགས་པ་ཡང་། །ཆོས་ཉིད་དང་དུ་མི་དམིགས་ཀྱང་། །རྣལ་འབྱོར་མཆོག་གིས་བསྐུལ་བའི་ཚེ། །ཐུགས་རྗེ་ཆགས་པའི་མདངས་ཕྱུང་ནས། །སྲོག་རྩོལ་དྲན་རིག་གསུང་གསུང་ལྟར། །




iiif viewer powered by OpenSeadragon

101a - 102a

Texts on this page