e-texts navigator
Collection
Volume
Page
Wylie

345b1 བཅས་པ་གནས་སོ། །དེའི་ཚེ་རྣམ་པར་སྨིན་པ་དེས་གཏི་མུག་ཕག་གི་ལུས་སུ་ལྷུང་བ་དེ་བཞིན་དུ་ཤེས་པར་བྱའོ། །ཡང་སྨྲ་བའི་སེང་གེས་གསོལ་པ། གང་ཟག་ལ་ལ་དག་ཚིག་ཏུ་མཉམ་ཟེར་ཡང་བློ་མཉམ་པ་དང་མི་ཉེ་བར་ཆགས
345b2 སྡང་ལ་འཆེལ་བ་དག་མཆིས་ན་དེའི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། མཉམ་པ་མ་རྟོགས་པར་ཆགས་སྡང་ལ་འཆེལ་བ་དེ་ནི་རིག་ཤ་སྲིན་པོའི་རིགས་སུ་འགྱུར་ཏེ། དེ
345b3 ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག་མའི་ཚེ་མཉམ་པ་ཉིད་མ་རྟོགས་པར་ཆགས་སྡང་ལ་འཆེལ་བའི་དགེ་སློང་དེ་སྦྱིན་ཞེས་བྱ་བ་ཚོམ་བུ་སྟོང་དང་བཅས་པ་ཞིག་གིས་གསང་བའི་སྤྱོད་པ
345b4 མངོན་དུ་སྤྱོད་པས་ལས་དེའི་རྣམ་པར་སྨིན་པས་རག་ཤ་སྲིན་པོའི་གནས་སུ་སྐྱེས་སོ། །དེ་བས་ན་དེ་ལྟར་ཤེས་པར་བྱའོ། །ཡང་སྨྲ་བའི་སེང་གེས་གསོལ་པ། གལ་ཏེ་གང་ཟག་ལ་ལ་དག་རྡོ་རྗེ་འཆང་གི་གྲལ་དུ་ཚོགས་པའི
345b5 ཚེ་དོན་ལ་དགའ་བའི་རྣལ་འབྱོར་པ་དག་གིས་ཡང་དག་པའི་དོན་ལ་གླེང་བསླང་བ་དེ་ལ་འཇིགས་སྐྲག་ཞུམ་སྟེ་མི་དགའ་ཞིང་གུད་དུ་བྱོལ་པའི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། གསང་བ་མཆོག་གི་བདག་པོས་བཀའ
345b6 སྩལ་པ། ཡང་དག་པའི་དོན་གྱིས་འཇིགས་པའི་ཕྲག་དོག་ཅན་དེ་ནི་འཁོར་བའི་གནས་སུ་འཁྱམས་ཏེ་ཡག་ཤ་གནོད་སྦྱིན་གྱི་གནས་སུ་ལྷུང་ངོ་། །དེ་ཡང་ཇི་ལྟར་ཡོངས་སུ་ཤེས་ཞེ་ན། སྔོན་འདས་པའི་དུས་ང་དྲན་པ་ཐོག
345b7 མ་ཨའི་ཚེ་རྣལ་འབྱོར་ལས་དང་པོའི་སར་སློབ་པའི་དགེ་སློང་ལྷ་སྦྱིན་ཞེས་བྱ་བ་ཞིག་དོན་དང་ལྡན་པའི་རྣལ་འབྱོར་ཕལ་ཆེན་ཚོགས་པར་གྱུར་པ་ལས་རྣལ་འབྱོར་དེ་དག་གིས་ཡང་དག་པའི་དོན་གླེངས་པ་ལས་ལྷ་སྦྱིན་འཁོར་དང་བཅས་པ
345b8 གླེང་བསླང་བ་མི་དགའ་ཞིང་ངན་སེམས་ཀྱི་ཕྲག་དོག་སྐྱེས་ནས་རང་གི་གནས་སུ་བྱོལ་ཏེ་དེ་དག་ལ་མི་སྙན་པར་བརྗོད་པས་དེའི་རྣམ་པར་སྨིན་པས་ཡང་དག་པའི་དོན་ལས་གོལ་ཏེ་གནོད་སྦྱིན་ཁ་འབར་མའི་གནས་སུ་སྐྱེས་སོ། །དེ་བས




iiif viewer powered by OpenSeadragon

345a - 346a

Texts on this page

J748 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo