e-texts navigator
Collection
Volume
Page
Wylie

330a1 མི་ཟ་བར་མནན་པར་འགྱུར། །ལས་བཞིའི་མེ་ལྷའི་མཚན་ཉིད་ནི། །མེ་ཡི་ལྷ་ནི་སྣང་མཐའ་ཡས། །མེ་ཡི་ལྷ་མོ་གོས་དཀར་མོ། །ཐབས་དང་ཤེས་རབ་འབྲེལ་བས་ནི། །གང་འདོད་ལས་དེ་བྱེད་པར་འགྱུར། །
330a2 གདུག་རྩུབ་རྣམས་ལ་ཞི་བ་སྦྱར། །དབུལ་ཕོངས་རྣམས་ལ་རྒྱས་པ་སྦྱར། །དབང་ནི་འདོད་གཟིར་རྣམས་ལ་སྟེ། །ཞེ་སྡང་ཅན་ལ་དྲག་པོའི་ལས། །ཐམས་ཅད་ཞི་བར་འགྱུར་བ་དང་། །ཡིད་བཞིན་ནམ་མཁའ་འགེངས
330a3 པ་དང་། །འགུག་ཅིང་ཕྱི་བཞིན་འབྲེང་བ་དང་། །མྱོས་ནས་གས་ཏེ་འཚིག་པ་ནི། །ལས་བཞིའི་འབྲས་བུར་རྒྱལ་བས་གསུངས། །འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ
330a4 ལས། ལས་ཀྱི་རིམ་པར་ཕྱེ་བའི་ལེའུ་སྟེ་བཅཝ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་སྐྱེ་འགྲོ་ཐམས་ཅད་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །ཞུགས་ནས་ཀྱང
330a5 བརྣག་པའི་ནན་ཏུར་འདི་དག་གསུངས་སོ། །རྡོ་རྗེ་སློབ་དཔོན་དམོད་པ་དང་། །སངས་རྒྱས་བསྟན་པ་འཇིག་པ་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་པ། །རྣལ་འབྱོར་སྤྱིའི་དགྲར་གྱུར་དང་། །སྐྱེ་བོ
330a6 ཡོངས་ལ་གནོད་པ་དང་། །མ་ཆགས་པ་ཡི་སེམས་ཅན་ལ། །བརྣག་བའི་ནན་ཏུར་བྱ་བར་གསུངས། །དགུག་དང་བསད་དང་བསྐམ་པ་དང་། །དབྱེ་དང་བསྐྲད་དང་གནན་པ་དང་། བཅིང་བའི་ལས་དང་བདུན་དག་གིས། །
330a7 གྲུབ་པར་འགྱུར་ཞེས་རབ་ཏུ་གསུངས། །དགུག་པའི་ལས་དག་བྱ་བ་ཡང་། །བདག་ཉིད་རྣལ་འབྱོར་ལྡན་བྱས་ཏེ། །རྐང་རྗེས་ཉིད་ཀྱི་ས་བླངས་ལ། །མི་རུས་བསྲེགས་པའི་ཐལ་བ་དང་། །དུར་ཁྲོད་རོ་ཡི་རས་དག་དང་། །
330a8 རྒྱ་མཚོར་འབབ་པའི་ཆུ་བོ་ཡི། །འགྲམ་ཉིད་ནས་ནི་བླངས་པའི་ས། །རླུང་གིས་ཁྱེར་བའི་ཤིང་ལོ་དང་། །གྲོག་མཁར་ས་རྣམས་བཏགས་ནས་སུ། །ལུང་བོང་གཅིན་གྱིས་སྒྲུ་བར་བྱ། །དེ་ནས་ཡན་ལག་ཚང་བ་ཡི། །




iiif viewer powered by OpenSeadragon

329b - 330b

Texts on this page

J748 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo