| | e-texts navigator
|
329b1 ལ་ནི། །རུས་སྦལ་གྱི་ནི་རྒྱས་བཏབ་ཀྱིས། །མངོན་པར་སྤྱོད་པ་བརྩོན་པར་བྱ། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །ཟུར་གསུམ་བྲོ་བའི་གཏུན་ཚོགས་ཀྱིས། །ལས་བཞི་ཡུམ་གྱི་གཏུན་ཁུང་དུ། །གཏི་མུག་ང་རྒྱལ
329b2 འདོད་ཆགས་དང་། །ཞེ་སྡང་མཚན་མ་བརྡུལ་དུ་བརྡུང་། །གསེར་དངུལ་ཟངས་དང་ལྕགས་དག་གམ། །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །རི་རབ་ཚུལ་དུ་རབ་བརྗིད་པའི། །ཕུར་པ་ལས་རྣམས་སོ་སོ་ཡི། །ལྷ་ཡི
329b3 དཀྱིལ་འཁོར་བསྒོམས་པ་ལ། །རྩེ་མོ་ཡ~ཾ་བ~ཾ་ཨེའི་ཡི་དབྱིབས། །མཚན་མ་མིང་དུ་བཅས་པ་ལ། །བཏབ་ན་ཞི་རྒྱས་དབང་དྲག་འགྱུར། །དངུལ་ཕྱེ་འབྲས་ཅན་དཀར་པོ་ལ། །ཞི་བར་འགྱུར་བའི་གཏོར་མར་སྦྱར། །
329b4 གསེར་ཕྱེ་འབྲུ་ཆན་སེར་པོ་ལ། །རྒྱས་པར་འགྱུར་བའི་གཏོར་མ་སྦྱར། །དབང་ལ་ཟངས་ཕྱེ་འབྲུ་དམར་ཆན། །དྲག་པོའི་ལྕགས་ཕྱེ་ཤ་ཁྲག་ལའོ། །ཤན་ཏིང་པུཥྚིང་བ་ཤང་དང་། །མཱ་ར་ཡ་འི་སྔགས་ཚིག་ལ། །
329b5 སྭཱ་ཧཱ་སྭཱ་ཧཱ་ཧཱུ~ཾ་ཕཊ་ཀྱིས། །བརྒྱན་པའི་མགོ་ལ་ཨུ0f00་བཞག་པ། །བཟླས་པའི་སྔགས་སུ་ཤེས་པར་བྱ། །ཧོམ་ཁུང་ཟླུམ་པོ་གྲུ་བཞི་དང་། །ཟླ་གམ་གྲུ་གསུམ་གདེངས་པ་རུ། །རྡོ་རྗེ་རིན་ཆེན་མདའ་གཞུ་དང་། །རྡོ་རྗེ
329b6 རྩེ་དགུའི་ཕྱག་རྒྱ་གཞག་། ཞོ་ཅན་སེར་སྐྱུར་རྩུབ་པ་ཡི། །ཡམ་ཤིང་དག་ལ་མེ་སྦར་ཏེ། །ལྷན་ནེ་གཟི་བྱིན་ལྷུན་ཆེན་དང་། །གཏུམ་ཆེན་རྔམ་པའི་ལྷ་ཚོགས་ལ། །ལས་བཞིའི་ཚུལ་དུ་བསྲེགས་ན་འགྲུབ། །
329b7 སྔགས་དང་འདོད་པའི་མིང་སྤེལ་ཏེ། །བསྐུལ་བར་བྱ་བའི་ཚིག་ཏུ་བཤད། །རས་སམ་གྲོ་ག་ཤིང་ཤུན་ལ། །ཞི་རྒྱས་འཁོར་ལོའི་སྔགས་བཅས་བྲི། །ལྕགས་གསུམ་ག་བུར་བཅུག་ནས་ནི། །མཆོད་ཅིང་བསྐུལ
329b8 ན་གདོན་མི་ཟ། །ཞིང་ཆེན་རས་སམ་སྨད་དཀྲིས་ལ། །དབང་དྲག་འཁོར་ལོའི་སྔགས་བཅས་བྲི། །ཁམ་ཕོར་ནང་ངམ་ཐོད་པར་གཞུག་།དུར་ཁྲོད་གནས་ལ་སོགས་པ་རུ། །བསྐུལ་ཞིང་མནན་པ་བྱས་ན་ནི། །གདོན
iiif viewer powered by OpenSeadragon
329a - 330a