| | e-texts navigator
|
329a1 རྩུབ་པ་ཚ་བ་ཡི། །རོར་ལྡན་རྩ་བའི་ཤིང་ལས་བྱས། །རྡོ་རྗེ་དྲག་པོ་ཉིད་ལ་འོ། །ཟླུམ་པོ་དང་ནི་འཁོར་ལོ་དག་།ཞི་བ་ཡི་ནི་ལས་སུ་གསུངས། །ཟུར་བཞི་ཟུར་དྲུག་ཟུར་བརྒྱད་དམ། །པད་མ་འམ་རིན་ཆེན
329a2 དབྱིབས་འདྲ་བ། །རྒྱས་པའི་ལས་ལ་ཤིས་པའོ། །ཟླ་བ་ཁམ་དང་གཞུའི་དབྱིབས། །པད་མོ་སྨྱུང་པོ་འམ་མཁའ་འདྲ་བ། །དབང་དུ་བྱ་བའི་ལས་ཡིན་ནོ། །གྲུ་གསུམ་མམ་ནི་གྲུ་ཆད་དམ། །རྡོ་རྗེའི་དབྱིབས་དང་མདའ
329a3 འདྲ་བར། །བྱས་པ་རྡོ་རྗེ་དྲག་པོ་ལའོ། །དཀར་པོ་ཞི་བ་སེར་པོ་རྒྱས། །དམར་པོ་དབང་ལ་ནག་པོ་དྲག་།ལྗང་གུ་སྤྱི་ཡི་ལས་སུ་གསུངས། །སེར་སྐྱ་ཞི་རྒྱས་ལས་ཡིན་ཏེ། །དམར་སྐྱ་ཞི་བ་དབང་གི་ལས། །སྔོ་སྐྱ་ཞི་བ
329a4 དྲག་པོའི་ལས། །རྒྱས་དང་དབང་དང་དྲག་པོ་ལ་འང་། །ཞི་བའི་ཚུལ་དུ་སྦྱོར་བར་བྱ། །དེས་ན་ལས་རྣམས་རེ་རེ་ལ་འང་། །བཞི་བཞི་དག་ཏུ་རྒྱལ་བས་གསུངས། །ཟླུམ་པོའི་ཐབ་ཁུང་རྡོ་རྗེ་ཡིས། །བརྒྱན་པ་ཞི་བའི་དཀྱིལ
329a5 འཁོར་ཡིན། །པད་མ་གྲུ་བཞི་རིན་པོ་ཆེས། །བརྒྱན་པ་རྒྱས་པའི་ལས་སུ་ཤིས། །ཟླ་གམ་ཁུང་བུ་མདའ་གཞུས་བརྒྱན། །དབང་དུ་བསྡུ་བའི་དཀྱིལ་འཁོར་ཡིན། །གྲུ་གསུམ་རྩང་ཐོད་ཀྱིས་བརྒྱན་པ། །དྲག་པོ་སྤྱོད
329a6 པའི་དཀྱིལ་འཁོར་ཡིན། །ལྗོན་པ་མ་དང་ལྕུག་ཕྲན་མ། །སྡོང་ཅིག་མ་དང་མེ་རེག་མ། །སྤྱན་དང་མཱ་མ་གོས་དཀར་སྒྲོལ། །བྱིན་གྱིས་བརླབ་པའི་གནས་བྱས་ཏེ། །དད་བྱམས་སྙིང་རྗེ་དང་བ་དང་། །དགའ་ཆགས་བཏང
329a7 སྙོམས་ཁྲོས་པ་ཡི། །ཏིང་འཛིན་དག་གིས་ཞི་དང་རྒྱས། །དབང་དྲག་སོ་སོའི་འཕྲོ་འདུ་བྱ། །བྱང་དུ་བལྟས་ཏེ་ཞི་བ་བྱ། །རྒྱས་པའི་ཚེ་ན་ཤར་དུ་བལྟ། །དབང་ལ་ནུབ་ཏུ་དྲག་པོ་ལྷོ། །ཞི་བ་ཀུ་ཤའི་ཁྲི་སྟེངས
329a8 སུ། །རྫོགས་པའི་སྐྱིལ་མོ་དཀྲུང་དུ་གནས། །པད་མའི་སྟེང་དུ་སེམས་དཔའ་ཡི། །སྐྱིལ་མོ་དཀྲུང་གིས་རྒྱས་པར་བྱ། །ཁྲི་སྟེང་དག་ཏུ་ཕྱེད་སྐྱིལ་གྱིས། །དབང་དུ་བསྡུ་བའི་ལས་བྱའོ། །ས་གཞི་གྲུ་གསུམ་ཉིད
iiif viewer powered by OpenSeadragon
328b - 329b