| | e-texts navigator
|
321b1 སུ་ཁ་བལྟས་ཏེ། །ལྷ་ཀླུ་གནོད་སྦྱིན་ཇི་སྙེད་པ། །ཤར་ཕྱོགས་ནམ་མཁར་གནས་པ་རྣམས། །ཐམས་ཅད་ཁོང་དུ་རྔུབས་པ་ལས། །ཕྱིར་མི་འབྱུང་བར་ཁོང་དུ་བསྟིམས། །དབུགས་དེ་ཐ་མར་སྣ་རུ་བསྲིང་། །ཕྱོགས་བཅུར་དེ་ལྟར
321b2 གོམས་བྱས་ནས། །དཔལ་ཚེ་གཟི་བྱིན་ཐམས་ཅད་ཐོབ་ཅེས་གསུངས་སོ། །དེ་ལ་འདི་ནི་བདུད་རྩི་བསྒྲུབ་པའི་ཐབས་སོ། །མཎ་ཌལ་ཚད་དང་འཐུན་པ་ལ། །དབུས་སུ་པད་མ་འདབ་བརྒྱད་བྲི། །གྲུ་ཆད་ཟླ་གམ་བཞི་པར་བྱ། །
321b3 གཞན་ཡང་ཟླ་གམ་ཅི་རིགས་དགྲམ། །པད་མའི་རྩེ་ལ་རིན་པོ་ཆེ། །གེ་སར་དག་གིས་མཛེས་པར་བྱ། །ཕྱག་རྒྱ་འབར་བའི་ལྷ་མཆོག་དགོད། །དབུས་སུ་ཚངས་པའི་སྐུད་པ་ཅན། །སུལ་མེད་དུང་ཅན་འཁོར་བར་གཞག་།
321b4 ཤར་དུ་སུལ་འགྲེང་དེ་བཞིན་ཏེ། །ལྷོ་རུ་དཔག་བསམ་ཤིང་བུ་ཅན། །ནུབ་ཏུ་ཤོང་བུ་གཉིས་པ་གཞག་།བྱང་དུ་བེས་ཕོར་རྒྱ་གྲམ་མོ། །སྣོད་ཀྱི་མཚན་ཉིད་བཀོད་ནས་སུ། །དྲི་ཆེན་ཞུ་བ་མ~ཾ་ས་དང་། །རག་ཏ་དྲི་ཆུ་ཕྱོགས
321b5 ཕྱོགས་སུ། །དེ་དག་སྐབས་སུ་སྦྱོང་བ་ཡི། །ཀ་ཀོལ་ལ་དང་དུ་རུ་ཀ་།འཛ་ཏི་ཕ་ལ་ཁ་དྲི་ཞིམ། །ལྕེ་པོག་དཀར་པོ་རིམ་བཞིན་སྦྱར། །འདི་དག་ཀྱང་ནི་རིམ་པ་བཞིན། ། ག་རུ་དང་ག་པུར་དང་། །གུར་ཀུམ་པད་མ་ལི
321b6 ག་ཏུར། །དེ་ནས་ར་ས་ཡ་ནའི་ཚོགས། །རིགས་དང་ལས་དང་ཁ་དོག་གིས། །ཅི་རིགས་སོ་སོར་དབྱེ་བར་བྱ། །ས་བོན་ལྔ་ཡིས་རྣམ་པར་སྦྱངས། །གསང་ཆེན་དེ་ཉིད་དམ་པ་ཡི། །རིགས་གཅིག་རིགས་ལྔ་རིགས
321b7 བརྒྱ་ཡིས། །སྦྱང་བ་མཆོག་ཏུ་བྱ་བ་ཡིན། །ཁྲོལ་བུ་དག་ནི་སྦྱངས་པ་ན། །བསལ་དང་བསྔོ་དང་བསྡུར་དང་དབྱེ། །ཁྲུས་དང་བཤགས་དང་ཡོན་ཏན་བརྗོད། །བྱིན་དབབ་བཟླས་པ་རྟགས་བྱུང་དང་། །བསྡུ་དང་བཏག་བཙག་གཞལ
321b8 བ་བྱ། །མཚན་ལྡན་སྣོད་དུ་རྒྱ་ཡིས་གདབ། །རིགས་དང་འཐུན་པའི་གཟུངས་ཀྱིས་གདགས། །དབང་བསྐུར་བྱིན་བརླབ་ཚུལ་བཞིན་བྱ། །ཏིང་འཛིན་མི་གཡེང་འབྱོངས་པ་དང་། །དངོས་གྲུབ་བླང་བ་ལ་སོགས་བྱ། །དེ་ནས་རི་ལུ་འམ
iiif viewer powered by OpenSeadragon
321a - 322a