| | e-texts navigator
|
316a1 བྱ་བ། །མེ་ཏོག་རོལ་བ་ཞེས་བྱ་ཡི། །ལྷ་མོ་བཞི་ཡིས་རྣམ་པར་བསྐོར། །གཡས་པའི་ཕྱག་གིས་རྡོ་རྗེ་གསོར། །གཡོན་པའི་དྲིལ་བུ་དཀུར་བརྟེན་པ། །ཕྱག་གཉིས་མདའ་གཞུ་འགེངས་པ་སྟེ། །སྐུ་ལས་སེམས་དཔའ་འབྱུང་བའི་སྤྲིན། །
316a2 ཐོར་ཚུགས་གསལ་བ་རྣམ་པར་བསྒོམ། །ནམ་མཁའ་ལས་ནི་བབས་པ་ཡི། །ཐོག་ནི་རང་རིག་སྔགས་ཀྱིས་བཟློག་།ུ0f00་མ་ཧཱ་སུ་ཀ་བཛྲ་ཆེ་གེ་མོ་བཛྲ། །ུ0f00་སུ་ར་ཏ་བནྡྷ་ཧཱུ~ཾ་ཕཊ་ཅེས་གསུངས་སོ། །དེ་ལ་འདི་ནི་གཞན་གྱི་ལྕེ་གནོན་པའི་ཏ
316a3 ཧབས་སོ། །མར་གྱི་ཚེས་བརྒྱད་བཅུ་བཞི་ལ། །དུར་ཁྲོད་སོལ་བ་བླངས་ནས་སུ། །སྔགས་ཀྱི་བདག་པོར་བསྒོམས་ནས་སུ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །མི་སྙན་སྨྲ་པ་འམ་ཤགས་རྒོལ་བའི། །ལྕེ་ཡི་གཟུགས་སུ་བྲིས་པ་ཡི། །སྟེང
316a4 དུ་ཟླ་བའི་དཀྱིལ་འཁོར་ལ། །རྡོ་རྗེ་རྒྱ་གྲམ་བསྒོམས་པ་ཡི། །དབུས་སུ་རི་རབ་བསྐྱེད་པར་བྱ། །དེ་སྟེང་བདག་གིས་མནན་བསམས་ན། །ཚིག་དབང་ལྷ་ཡང་དབང་འགྱུར་ན། །ཤགས་ལ་སོགས་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་ལ་འདི
316a5 ནི་པྲ་དབབ་པ་བསྒྲུབ་པའི་ཐབས་སོ། །ལོ་གྲངས་བཅུ་གཉིས་ལོན་པ་ཡི། །ཁྱེའུ་བུ་མོ་གང་ཡང་རུང་། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །དབབ་པའི་སྣོད་དུ་རབ་ཏུ་བརྟག་།ཏིང་འཛིན་རྩལ་དང་ལྡན་པས་བྱ། །གཞན་གྱིས་བྱས་ན་དབྱངས
316a6 པར་འགྱུར། །དང་པོར་ཕྱི་ནང་ཁྲུས་བྱས་ཏེ། །སྡིག་པ་སྦྱང་ཕྱིར་འདུལ་ཁྲིམས་དཔོག་།འོད་ཀྱི་འཕྲོ་འདུས་བྱིན་གྱིས་བརླབ། །རྒྱན་གྱི་ཁྱད་པར་རྣམས་ཀྱིས་བརྒྱན། །སྙིང་ཀར་ཧཱུ~ཾ་ནི་བསྒོམ་པར་བྱ། །སྤྱི་བོ་ཙུག་ཏུ་ཧ་བསྒོམ་མོ། ། ནི་ཁ་རུ་དེ་བཞིན
316a7 ཏེ། །དེ་ནས་མདུན་གྱི་ནམ་མཁའ་ལ། །འཕགས་པ་ཀུན་མཁྱེན་སྤྱན་དྲངས་ཏེ། །དེ་ལས་འོད་ཟེར་བསྐུལ་ཞིང་དབབ། །ཛྷཽ་ནི་བསྐུལ་བའི་སྔགས་ཚིག་སྟེ། །གང་དབབ་ཛྷཽ་ཡིས་བསྐུལ་བར་བྱ། །བྱིས་པའི་ལུས་ལ་ཐིམ་པར་བསམ། །བྱིས་པའི
316a8 ཙིད་ཏ་གཞལ་མེད་ཁང་། །དབབ་པའི་ལྷ་ཉིད་བཞུགས་བསམས་ཏེ། །ལག་རྒྱ་རྡོ་རྗེ་ཐལ་མོ་ལས། །སོར་མོ་ཕྱིར་བསྣོལ་ཁ་སྦུབ་ལ། །མཐེབ་གཉིས་སོ་སོའི་མཐིལ་བཀུག་པའོ། །རྡོ་རྗེ་ཚིག་ཏུ་བཟླས་པའི་སྔགས། །ཆེ་གེ་མོ་ཞིག་ཨ་ཨ
iiif viewer powered by OpenSeadragon
315b - 316b