e-texts navigator
Collection
Volume
Page
Wylie

307b1 གཡོན་པད་དཀུ་རུ་བརྟེན་པ་ནི། །འབྲི་ཚུགས་ལྟེ་བ་བེ་ཏའི་རྒྱ། །གཡོན་པས་ཉོན་མོངས་མནན་ཚུལ་ལ། །གཡས་པས་རྒྱུ་འདྲེན་ཟ་བའི་ཚུལ། །པུ་ཀའི་ཕྱག་བརྒྱར་བཤད་པ་ཡིན། །གཡོན་པ་དུང་ཁྲག་འཛིན་པ་ལ། །གཡས་པས་འཁྲུག
307b2 ཅིང་རྔམ་ཚུལ་སྟོན། །གྷསྨ་རི་ཡི་ཕྱག་རྒྱ་ཡིན། །གཡོན་པས་བྱིས་པའི་ལུས་མནན་ནས། །གཡས་པས་སྙིང་འདྲེན་ཟ་ཚུལ་དུ། །སྒྲོལ་ཚུལ་ལྟ་བ་སྨ་ཤའི་རྒྱ། །གཡས་པས་མགོ་བཅད་ཕྱིར་ནས་ཀྱང་། །གཡོན་པས་ལུས་འཛིན་སྟོབས་པ་ལྟར། །
307b3 ཙཎ་ཌ་ལི་ཡི་ཕྱག་རྒྱ་ཡིན། །ལག་གཉིས་བྲང་ལ་བསྣོལ་ནས་ནི། །ཁོ་ན་རོ་ཐོགས་རལ་གསིགས་པ། །སེང་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །ལག་གཉིས་མཐུར་དུ་བསྣོལ་ནས་ནི། །ཞིང་ལ་འབྲི་ཚུགས་མཆེ་བ་བསྙེར། །སྟག་གདོང
307b4 ཚོགས་ཀྱི་ཕྱག་རྒྱ་ཡིན། །ལག་གཉིས་ཞིང་ཁོང་ཁ་ཕྱེ་ནས། །ལྕེ་ཡིས་ལྡག་པ་ལྟར་བྱེད་ན། །ཝ་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །ལག་གཉིས་ཞིང་ཁོང་ཁ་ཕྱེ་ནས། །འབྲི་ཚུགས་ལྟ་བ་ཤྭ་ནའི་རྒྱ། །ལག་གཉིས་སྤུ་གྲི་ཐོགས་ཚུལ་དུ། །
307b5 གཡོན་པས་རྒྱུ་མ་གཟང་ཞིང་ཟ། །གཞད་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །ཞིང་ཆེན་ཕྲག་ལ་བཀལ་ནས་ནི། །ཀེང་རུས་ཐོགས་པ་ལྟར་བྱས་པ། །དུར་བྱའི་ཚོགས་ཀྱི་ཕྱག་རྒྱ་ཡིན། །གཡོན་པ་བན་དྷ་གཡས་པ་གྲི། །གློ་སྙིང་འདྲེན
307b6 པ་ལྟར་བྱེད་པ། །ཁྭ་ཁྭ་མ་ཡི་ཕྱག་རྒྱ་ཡིན། །གཡས་པ་རྡོ་རྗེ་ཁུ་ཚུར་ལ། །ལྕགས་ཀྱུ་འཛིན་པ་ཧུ་ལུའི་རྒྱ། །འཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས། །རྟ་སྐད་མཚེར་བ་ལྟར་བྱས་ལ། །རྟ་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །འཛུབ་གཉིས
307b7 རྩེ་སྦྱར་ཕག་གདོང་གིས། །ཐ་རྒོད་རློག་པའི་ཚུལ་བསྟན་པ། །ཕག་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །འཛུབ་གཉིས་ལུ་གུ་རྒྱུད་དུ་འཁྱུད། །སེང་གེའི་ཚུལ་དུ་རལ་གསིགས་པ། །སེང་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །ལག་གཉིས
307b8 རབ་ཏུ་བསྐྱོད་བྱ་ཞིང་། །ཕྱོགས་བཅུར་ལྟ་བར་བྱེད་པ་ནི། །སྦྲུལ་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །ལག་པའི་ཕྱག་རྒྱ་བཅིངས་བྱས་ཤིང་། །རྐང་པ་འཇོག་ཚུལ་སྟབས་སུ་མཆོད། །གཡས་པའི་སྡིགས་འཛུབ་ནམ་མཁར་འཕྱར། །




iiif viewer powered by OpenSeadragon

307a - 308a

Texts on this page

J748 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo