e-texts navigator
Collection
Volume
Page
Wylie

305a1 བཏུལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་དེ་དག་ལ་དྲེགས་པའི་ཚོགས་སླར་གསོལ་ཤིག་ཞེས་བཀའ་སྩལ་བས། ཁྲོ་བོ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཉིད་ཀྱིས་གསོ་བར་གསོལ་ཞེས་པ་དང་།
305a2 བཅོམ་ལྡན་འདས་ཉིད་ཀྱིས་ཁྲོ་བོ་དེ་དག་གཅིག་ཏུ་ཧཱུ~ཾ་ཞེས་པས་བསྡུས་ཏེ། དབུ་དགུ་ཕྱག་བཅཝ་བརྒྱད་པའི་ཚུལ་དུ་རྣམ་པར་གནས་སོ། །དེ་ནས་ཡེ་ཤེས་རྔམ་པའི་རྒྱལ་པོ་དེས་ཕྱག་བཅཝ་བརྒྱད་བསྣོལ་ཏེ་བཙིར་བས་མི་གཙང་བའི
305a3 འདམ་ཆེན་པོར་འཁྱིལ་ཏོ། །དེ་ནས་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ནས་བདུད་རྩི་འབྱུང་ཞེས་བྱ་བ་གནམ་ནས་རྣམ་པར་ཕྱུང་ངོ་། །ོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རི་ཨུ་སྤྲི་ཛྭ། བཛྲ་ཨ་མྲྀ་ཏ་ཧཱུ~ཾ་ཨ། དེ་ནས་ཁྲོ་མོ་བདུད
305a4 ར་ཙི་ཆེན་མོ་དེ་སྨིན་མ་སྒྱུར་ཞིང་ཤིན་ཏུ་རྔམ་པའི་བགད་པས་རུ་ལུ་རུ་ལུ་ཁཱ་ཧི་ཁཱ་ཧི་ཞེས་བདུད་རྩིར་བསྒྲུབས་ཏེ་གསོལ་བས་གདུག་པ་ཅན་ཐམས་ཅད་སྔ་མ་བཞིན་དུ་རང་རང་གི་ལུས་སོས་པར་གྱུར་ཏེ་སེམས་དྲན་ནས་དཔལ་ཆེན
305a5 ཡེ་ཤེས་རྔམ་པའི་རྒྱལ་པོའི་སྐུ་དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱར་གནས་ཤིང་ཡབ་ལ་ཁྲོ་བོ་བརྒྱ་རྩ་བརྒྱད་ལྷུན་གྱིས་གྲུབ་པར་མཐོང་ངོ་། །འཕྲ་མེན་མ་ཉི་ཤུའི་ཚོགས་ཀྱང་ཤིན་དུ་རྔམ་པའི་གཟུགས
305a6 རང་རང་གི་སྟན་དང་ལག་ཆར་གནས་པ་མཐོང་ནས། ཤིན་དུ་ངོ་མཚར་དུ་གྱུར་ནས་ཞུམ་པའི་ང་རོས་གསོལ་བ་བཏབ་པ། བདག་ཅག་འཁོར་དང་བཅས་པ་རྣམས། །རྔམ་ཆེན་རྒྱལ་བའི་འབངས་སུ་མཆི། །འབངས་སུ་ནན
305a7 ཏན་མ་བགྱིས་ན། །མགོ་ལུས་སྙིང་ཡང་རུལ་ནས་ནི། །བཙོ་བསྲེག་གནས་སུ་འབོད་སྒྲོགས་ཤོག་།བདག་ཅག་རྣམས་ཀྱི་མ་དང་སྲིང་། །མཆིས་བྲང་དང་ནི་བུ་མོ་རྣམས། །འབར་བའི་དཀྱིལ་འཁོར་བཞེས་སུ་གསོལ། །
305a8 བདག་ཅག་རྣམས་ཀྱི་མགོ་བཅད་ལ། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས། །བདག་ཅག་རྣམས་ཀྱི་སྙིང་ཕྱུང་ལ། །དཔལ་ཆེན་ཉིད་ཀྱི་ཞལ་དུ་གསོལ། །བདག་ཅག་རྣམས་ཀྱི་ལྤགས་ཤུས་ལ། །དཔའ་བོ་ཆེན་པོ་སྐུ་ལ་གསོལ། །




iiif viewer powered by OpenSeadragon

304b - 305b

Texts on this page

J748 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo