| | e-texts navigator
|
303a1 འཛིན། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་ཀྱིས་ལྟ་བ་ནི། །སྒྲིབ་པ་ཀུན་སེལ་ཕྱག་རྒྱ་ཡིན། །རྡོ་རྗེ་རིན་ཆེན་རྣ་ལྟག་ཏུ། །མེ་ཏོག་སྣོད་བཅས་འཛིན་པ་ལ། །འཛུམ་པའི་མདངས་ཀྱིས་འདུད་པ་ནི། །
303a2 མེ་ཏོག་ཕྱག་རྒྱ་ཡིན་པར་བཤད། །རྡོ་རྗེ་ཨུད་པལ་ཐུགས་ཀ་ན། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་ཀྱིས་ལྟ་བ་ནི། །འཇམ་དཔལ་གྱི་ནི་ཕྱག་རྒྱ་ཡིན། །རིན་ཆེན་མར་མེ་ཐུགས་ཀ་ནས། །རྡོ་རྗེ་ཐལ་མོ་ལས
303a3 ལ་འཁྲིལ། །མཛུམ་པའི་མདངས་ཀྱིས་འདུད་པ་ནི། །མར་མེའི་ཕྱག་རྒྱར་དཔའ་བོས་བཤད། །རྡོ་རྗེ་སྙེ་མ་ཐུགས་ཀ་ན། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་ཀྱིས་ལྟ་བ་ནི། །ཀུན་དུ་བཟང་པོའི་ཕྱག་རྒྱ་ཡིན། །རིན
303a4 ཆེན་དབྱུག་པ་ཐུགས་ཀ་ན། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །རྡོ་རྗེ་ཉུག་པར་བྱེད་པ་ནི། །དྲི་ཡི་ཕྱག་རྒྱ་ཡིན་པར་བཤད། །ནིར་མགོ་གདེངས་ཀ་གཤེད་པོའི་རྒྱ། །རྡོ་རྗེ་གནོན་པ་སྟོབས་པོ་ཆེ། །ཐོད་སྦྲུལ་གནོན་པ་རྟ་ཡི་རྒྱ། །རྒྱ
303a5 གྲམ་གནོན་པ་བདུད་རྩི་འཁྱིལ། །འཛུབ་གཉིས་འཁྱུད་པ་ལྕགས་ཀྱུའི་རྒྱ། །འཛུབ་གཉིས་རྩེ་སྤྲད་ཞགས་པའི་རྒྱ། །འཛུབ་གཉིས་འཁྱུད་པ་ལུ་གུ་རྒྱུད། །བསྐྱོད་པར་གྱུར་པ་འབེབས་མའོ། །པི་བང་ལེན་པ་ལྷ་ཡི་རྒྱ། །
303a6 མི་ཡི་སེག་པར་འཛིན་པ་སྟེ། །ལྷ་མིན་ཕྱག་རྒྱ་གོ་ཆ་ཡིན། །ཆོས་ཀྱི་དཀྱིལ་འཁོར་བྱོལ་སོང་རྒྱ། །ཟ་མ་ཏོག་ནི་ཡི་དགས་རྒྱ། །མེ་ཆུ་གཉིས་ནི་དམྱལ་བའི་རྒྱ། །ཡབ་ཀྱི་སྤྱི་རྒྱ་ཀུན་བཟང་གིའོ། །ཡུམ་གྱི་སྤྱི་རྒྱ་བཟང་མོར་བཤད། །
303a7 ཡང་ན་ཀུན་བཟང་ཡབ་ཡུམ་གྱི། །རྡོ་རྗེ་ཐལ་མོ་གཉིས་སུ་བཤད། །བདེར་གཤེགས་རྣམས་ལ་རྫོགས་དཀྱིལ་ལོ། །སེམས་དཔའ་རྣམས་ལ་སེམས་དཔའི་དཀྱིལ། །འཇོམས་དང་ཐུབ་པ་ལངས་ཏེ་བཅིང་། །ཞེས་གསུངས་སོ། །
303a8 འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས་ཕྱག་རྒྱའི་མཚན་ཉིད་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསོལ
iiif viewer powered by OpenSeadragon
302b - 303b