e-texts navigator
Collection
Volume
Page
Wylie

302a1 ཨང་པ~ཾ། །སྦོམ་པོ་གཉིས་ལ་ཧ~ཾ་དང་ཏྲ~ཾ། གཡས་པའི་འབྲུ་གདན་ཉི་མ་སྟེ། །གཡོན་པ་ཟླ་བའི་དཀྱིལ་འཁོར་རོ། །ུ0f00་དང་མུ~ཾ་དུ་རྩེ་སྦྱར་ཏེ། །དེ་བཞིན་ཧཱུ~ཾ་དང་ལ~ཾ་དུ་སྦྱར། །ཧ~ཾ་དང་པ~ཾ་ཡང་དེ་བཞིན་ཏེ། །~ཾ་དང་ཏ~ཾ་དུ་སྦྱར་བ་ལ། །རྒྱབ་སྦྱར
302a2 སྭ་དང་མ~ཾ་བསྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ུ0f00་དང་མུ~ཾ་སྦྱར་ཧཱུ~ཾ་དང་ནི། །ལ~ཾ་སྦྱར་སྭ་དང་པ~ཾ་དུ་སྦྱར། །ུ0f00་དང་མ~ཾ་སྦྱར་ཧ~ཾ་ཏ~ཾ་བསྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། །རྡོ་རྗེ་ཁུ་ཚུར་སྙིང་ཁར་བཅངས། །ུ0f00་བསྒྲེང་རྟ
302a3 སེ་མོར་འཁོར་ལོ་འབར། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་དང་བཅས་པ་ནི། །རྣམ་པར་སྣང་མཛད་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བཅས། །ལ~ཾ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ
302a4 ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །བདེ་གཤེགས་དབྱིངས་ཕྱུག་མ་ཡི་རྒྱ། །རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། །ཧཱུ~ཾ་བསྒྲེང་རྩེ་ལ་རྡོ་རྗེ་འབར། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་དང
302a5 བཅས་པ་ནི། །རྡོ་རྗེ་སེམས་མའི་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བརྟན། །མུ~ཾ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །རྡོ་རྗེ་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །
302a6 རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། །སྭ་བསྒྲེང་རྩེ་ལ་རིན་ཆེན་འབར། །འཛུམ་པའི་མདངས་དང་བཅས་པ་ནི། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བརྟན། །མ~ཾ་བསྒྲེང་རྩེ
302a7 ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །རིན་ཆེན་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། །~ཾ་བསྒྲེང་རྩེ་ལ་པད་མོ་འབར། །རིན་ཆེན་དྲིལ་གསིལ་ཆོས་ལ
302a8 བརྟན། །འཛུམ་པའི་མདངས་དང་བཅས་པ་ནི། །སྣང་བ་མཐའ་ཡས་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བརྟན། །པ~ཾ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །




iiif viewer powered by OpenSeadragon

301b - 302b

Texts on this page

J748 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo