e-texts navigator
Collection
Volume
Page
Wylie

296a1 བརྒྱན། །རྫོགས་པའི་དསྐྱིལ་དཀྲུང་ཚུལ་དུ་བཞུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཕྱག་གདུབ་སྙན་ཆས་ཀུན་ལ་མཛེས། །མཚན་དང་དཔེ་བྱད་ཡང་དག་རྫོགས། །དེ་དག་གི་ནི་གཡོན་རོལ་ན། །ཀུན་ཏུ་བཟང་དང
296a2 ལོ་ཙ་ན། །མཱ་མ་གོས་དཀར་སྒྲོལ་མ་རྣམས། །གཡས་པས་ཐབས་ཀྱིས་གཙོ་ལ་འཁྱུད། །གཡོན་པས་རང་རྟགས་དྲིལ་བུ་འཛིན། །སྐུ་མདོག་ཆ་ལུགས་ཡབ་དང་འདྲ། །འཁོར་ལོ་རྩིབས་ལ་ལྷུན་གྱིས་གྲུབ། །སྤྱན་སྔའི་གློ་འབུར
296a3 མཛེས་པ་ལ། །ལག་ན་རྡོ་རྗེ་སྔོ་སྐྱའི་མདོག་།རང་རྟགས་རྡོ་རྗེ་རྩེ་གསུམ་འཛིན། །གཡས་ན་ས་ཡི་སྙིང་པོ་སྟེ། །ལྗང་སྔོན་རིན་ཆེན་མྱུ་གུ་འཛིན། །རྒྱབ་ཏུ་ནམ་མཁའི་སྙིང་པོ་སྟེ། །མཐིང་ག་རང་རྟགས་རལ་གྲི་འཛིན། །གཡོན
296a4 དུ་མཛེས་པའི་གློ་འབུར་ལ། །སྤྱན་རས་གཟིགས་དབང་དམར་སྐྱ་སྟེ། །རང་རྟགས་པད་མ་དཀར་པོ་འཛིན། །ཐོར་ཚུགས་ཡེ་ཤེས་སེམས་པས་བརྒྱན། །སེམས་དཔའི་དཀྱིལ་མོ་དཀྲུང་དུ་བཞུགས། །རྒྱན་དང་ཆ་ལུགས་ཀུན
296a5 གྱིས་བརྒྱན། །དེ་དག་གི་ནི་གཡོན་རོལ་ན། །གར་དང་སྒེག་མོ་ཕྲེང་བ་དབྱངས། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་གང་དང་མེ་ལོང་ཕྲེང་། །པི་བང་འཛིན་ཅིང་ཆ་ལུགས་གཞན། །གཙོ་བོ་ཉིད་ཀྱང་འཐུན་པ་ཡིན། །མཛེས
296a6 པའི་གྲུ་ཆེན་རྣམས་ལ་ནི། །བྱམས་པ་མཻ་ཏྲི་དཀར་བ་སྟེ། །མཛེས་པའི་ཀླུ་ཤིང་འགུ་དེ་བསྣམས། །ཤར་ལྷོ་མཚམས་ཀྱི་གྲུ་ཆད་ལའོ། །སྒྲིབ་པ་རྣམ་སེལ་མཐིང་ག་སྟེ། །ཆོས་ཀྱི་འཁོར་ལོ་འཛིན་པ་སྟེ། །ལྷོ་ནུབ་མཚམས་སུ་མཛེས་པར་གནས། །
296a7 འཇམ་དཔལ་གཞོན་ནུ་དམར་སྐྱའི་མདོག་།རང་རྟགས་ཨུཏ་པལ་མཐིང་ག་འཛིན། །ནུབ་བྱང་མཚམས་སུ་མཛེས་པར་གནས། །ཀུན་ཏུ་བཟང་པོ་ལྗང་སེར་མདོག་།རང་རྟགས་རིན་ཆེན་སྙེ་མ་འཛིན། །བྱང་ཤར་མཚམས་ཀྱི་གྲུ
296a8 ལ་གནས། །དེ་དག་གི་ནི་གཡོན་རོལ་ན། །སྤོས་དང་མེ་ཏོག་བདུག་པ་དྲི། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པར་རང་རྟགས་འཛིན་པའོ། །ཆ་ལུགས་ཐམས་ཅད་སྔ་མ་བཞིན། །སྒོ་ཁྱུད་རྣམས་ལ་འཇོམས་པ་ནི། །གཤིན་རྗེ




iiif viewer powered by OpenSeadragon

295b - 296b

Texts on this page

J748 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo