e-texts navigator
Collection
Volume
Page
Wylie

291a1 སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་གསུངས་སོ། །དེ་ནས་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །
291a2 ཨེ་མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་སྐྱེ་བ་མེད་པ་ལས། །སྐྱེ་བ་འདི་ནི་རབ་གྲགས་པ། །སྐྱེ་དང་མི་སྐྱེ་གཉིས་མེད་པ། །བྱང་ཆུབ་སེམས་འདི་བསྟན་པའོ་ཞེས་གསུངས་སོ། །དེ་ནས
291a3 ཡང་མེ་ལོང་ལྟ་བུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ེ་མའོ་ངོ་མཚར་ཡ་མཚན་གྱིས། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་འགག་པ་མེད
291a4 པ་ལས། །འགག་བ་འདི་ནི་རབ་ཏུ་བསྒྲགས། །འགག་དང་མི་འགག་མེད་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར
291a5 ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ེ་མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་གནས་པ་མེད་པ་ལས། །གནས་པ་འདི་ནི་རབ་ཏུ་བསྒྲགས། །གནས་དང་མི
291a6 གནས་མེད་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཆོས་ཐམས་ཅད་སོ་སོ་ཀུན་ཏུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ེ
291a7 མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་དམིགས་པ་མེད་པ་ལས། །དམིགས་པ་འདི་ནི་རབ་ཏུ་བསྒྲགས། །དམིགས་དང་མི་དམིགས་མེད་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས
291a8 གསུངས་སོ། །དེ་ནས་ཡང་ཆོས་ཐམས་ཅད་བྱ་བ་ལ་ནན་ཏན་དུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ེ་མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི




iiif viewer powered by OpenSeadragon

290b - 291b

Texts on this page

J748 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo