| | e-texts navigator
|
282b1 བ་ཆེན་པོ་རཱཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ཆེན་པོ་ཡཀྵ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ཆེན་པོ་བི་ཤྭ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ཆེན་པོ་ས་མ་ཡ་ཧེ་རུ་ཀ་ཞེས་བྱ་བ་དང་། གསང་བ་ཆེན་མོ་རཱཀྵ་ཀྲོ་དྷི་ཞེས་བྱ་བ་དང་།
282b2 གསང་བ་ཆེན་མོ་ཡཀྵ་ཀྲོ་དྷི་ཞེས་བྱ་བ་དང་། གསང་བ་ཆེན་མོ་བི་ཤྭ་ཀྲོ་དྷི་ཞེས་བྱ་བ་དང་། གསང་བ་ཆེན་མོ་ས་མ་ཡ་ཀྲོ་དྷི་ཞེས་བྱ་བ་དང་། གཞན་ཡང་འཕྲ་མེན་མ་ཉི་ཤུའི་ཆོགས་ཀྱི་འཁོར་དཀར་མོའི་ཚོགས་ཤེས་བྱ་བ་དང་། རྐུན་མོའི
282b3 ཚོགས་ཤེས་བྱ་བ་དང་། སྤོས་མོའི་ཚོགས་ཤེས་བྱ་བ་དང་། གཏུམ་མོའི་ཚོགས་ཤེས་བྱ་བ་དང་། རྨོངས་མོའི་ཚོགས་ཤེས་བྱ་བ་དང་། ཐལ་བྱེད་མའི་ཚོགས་ཤེས་བྱ་བ་དང་། སྨེ་ཤ་ཅན་གྱི་ཚོགས་ཤེས་བྱ་བ་དང་། མ་ཚོགས་ཤེས
282b4 བྱ་བ་དང་། སེང་གདོང་གི་ཚོགས་ཤེས་བྱ་བ་དང་། སྟག་གདོང་གི་ཚོགས་ཤེས་བྱ་བ་དང་། ཝ་གདོང་གི་ཚོགས་ཤེས་བྱ་བ་དང་། ཁྱི་གདོང་གི་ཚོགས་ཤེས་བྱ་བ་དང་། བཞད་གདོང་གི་ཚོགས་ཤེས་བྱ་བ་དང་། ཀཱང་ཀའི་གདོང་གི་ཚོགས
282b5 ཤེས་བྱ་བ་དང་། དུར་བྱའི་གདོང་གི་ཚོགས་ཤེས་བྱ་བ་དང་། བྱ་རོག་གདོང་གི་ཚོགས་ཤེས་བྱ་བ་དང་། འུག་པའི་གདོང་གི་ཚོགས་ཤེས་བྱ་བ་དང་། རྟ་གདོང་གི་ཚོགས་ཤེས་བྱ་བ་དང་། ཕག་གདོང་གི་ཚོགས་ཤེས་བྱ་བ་དང་།
282b6 སེང་གདོང་གི་ཚོགས་ཤེས་བྱ་བ་དང་། སྤྲེ་གདོང་གི་ཚོགས་ཤེས་བྱ་བ་དང་ལ་སོགས་པ་འཕྲ་མེན་མའི་ཚོགས་ཤིན་ཏུ་མང་བ་དང་། གཞན་ཡང་རྡོ་རྗེ་སྲིན་པོ་ཁྲོ་བོའི་ཚོགས་རྡོ་རྗེ་སྲིན་པོ་ཁྲོ་བོ་རྣམ་པར་རྒྱལ་བ་ཞེས་བྱ་བ་དང་། དབྱུག་པ
282b7 སྔོན་པོ་ཞེས་བྱ་བ་དང་། གཤིན་རྗེ་གཤེད་ཅེས་བྱ་བ་དང་། མི་གཡོ་མགོན་པོ་ཞེས་བྱ་བ་དང་། རྟ་མགྲིན་ཞེས་བྱ་བ་དང་། གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་དང་། བདུད་རྩི་འཁྱིལ་བ་ཤེས་བྱ་བ་དང་། ཁམས་གསུམ་རྣམ
282b8 པར་རྒྱལ་བ་ཞེས་བྱ་བ་དང་། ཧཱུ~ཾ་ཀཱ་ར་ཞེས་བྱ་བ་དང་། སྟོབས་པོ་ཆེ་ཞེས་བྱ་བ་དང་། གཞན་ཡང་རྡོ་རྗེ་སྲིན་མོའི་ཁྲོ་མོའི་འཁོར་རྡོ་རྗེ་སྲིན་མོ་སྙེམས་མ་ཞེས་བྱ་བ་དང་། སྡེར་མོ་ཞེས་བྱ་བ་དང་། དུར་ཁྲོད་མ་ཞེས་བྱ་བ་དང་།
iiif viewer powered by OpenSeadragon
282a - 283a