e-texts navigator
Collection
Volume
Page
Wylie

250a1 བདུད་ཐམས་ཅད་དང་། དགྲ་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་སོ། །འཆི་བའི་ཚེ་འཕགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང
250a2 ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་སྐྱེ་བར་འགྱུར་རོ། །རྫོགས་སྷོ།། །།
250a3 ཨོཾ་བཛྲ་ཨ་ཡུ་ཤེ་ཧཱུ~ཾ`་ཨ། འཕགས་པ་ཚེ་དཔག་མེད་ཀྱི་སྙིང་པོ་འདི་རྟག་ཏུ་བཟླས་སམ། སྔགས་ཆབ་ཀྱིས་དབང་བསྐུར་ན་ཚེ་ནུར་བར་འགྱུར་རོ། །ོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་ར་མི་ཏ་ཨ་ཡུར་པུ་ཎྱེ་ཛྣཱ་ན་ས~ཾ
250a4 བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ། །། @#། །རྒྱ་གར་སྐད་དུ། ཨཱརྱ་ཨ་པ་རི་མི་ཏ་ཨ་ཡུར་ཛྙཱ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག
250a5 པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན
250a6 དགའ་ར་བ་ན། །དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན
250a7 འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་སོགས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ
250a8 བ་ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་ཚེ་འཛིན་ཅིང་མཐར་ཕྱིན་པར་གཞེས་ཏེ་སེམས་ཅན་རྣམས་ལ་ཆོས




iiif viewer powered by OpenSeadragon

249b - 250b

Texts on this page

J674(b) - 'phags pa 'od dpag med mthong ba'i gzungs
J675(a) -
J675(b) - 'phags pa tshe dang ye shes dpag tu med pa zhes bya ba theg pa chen po'i mdo