| | e-texts navigator
|
236b1 ཕལ་ཆེན་རྣམས་ཀྱིས་བསྟོད། །བསོད་ནམས་ཡེ་ཤེས་རབ་བསགས་པའི། །ལས་དང་རྣམ་སྨིན་དག་ལ་མཁས། །ང་རྒྱལ་གཟུགས་ཀྱི་འདུལ་བ་གོམས། །ཤེས་རབ་སྙིང་རྗེའི་ལམ་དུ་འགྲོ། །ཁྱོད་ནི
236b2 བུམ་པ་བཟང་ལྟ་བུ། །དཔེར་ན་ཡིད་བཞིན་ནོར་བུའི་ཆུ། །ཀུན་ལ་ཕན་པའི་དཔག་བསམ་ཤིང་། །ཉི་མ་འདྲ་བར་ཁྱོད་ལ་གསལ། །ཟླ་ལྟར་གསལ་བའི་ཐུགས་མངའ་ཞིང་། །མིང་ནི་རི་བོང་རྭ་དང་འདྲ། །
236b3 རང་གི་རྒྱུད་ནི་འཁོར་ལོ་འདྲ། །ུ་དུམ་བར་ལྟར་ཁྱོད་དཀོན་ཡང་། །བདུད་རྩི་ལྟ་བུར་ཡོངས་ཚིམ་མཛད། །འགྲོ་བ་ཀུན་གྱི་བདག་མོ་ལགས། །རང་བཞིན་མེད་པའི་ཆོས་ཀྱང་སྟོན། །ཆུ་དང
236b4 ནམ་མཁའི་ཚུབ་མ་ལྟར། །གདུལ་བྱའི་སྲིད་གསུམ་ཅིས་ཀྱང་འདུལ། །དུས་གསུམ་རྒྱལ་བའི་བསྟན་པ་སྐྱོང་། །དམ་པ་རྣམས་དང་ཡང་དག་གཅིག་།དམ་པ་རྣམས་ཀྱི་ལམ་དུ་འགྲོ། །
236b5 ལྷ་མོ་མ་མོ་གནོད་སྦྱིན་མོ། །སྲིན་མོ་ཀླུ་མོ་ཤ་ཟ་མོ། །གདུག་མོ་འབྱུང་མོ་གྲུལ་བུམ་མོ། །དྲག་མོ་རྔམ་ཚུལ་གློག་འགྱུ་མ། །རླུང་མོ་ནག་མོ་འཇིགས་བྱེད་མ། །མཁའ་འགྲོ་གཏུམ
236b6 མོ་ཞིང་སྒྲོལ་མ། །ཞི་རྒྱས་དབང་དང་དྲག་པོས་འདུལ། །དཀར་སེར་ལྗང་ནག་དམར་ཡང་སྟོན། །རྣམ་པ་བརྒྱད་ཀྱི་དབྱིབས་ཀྱང་འབྱུང་། །འགྲོ་བ་དྲུག་པོའི་ཚུལ་ཡང་སྟོན། །ཕུང་པོ་ལྔ་ཡང
236b7 བརྗོད་པར་ནུས། །དབང་པོ་ཚིམ་བྱེད་ཡུལ་ལྔ་འང་སྟོན། །རྟེན་ཅིང་འབྲེལ་པའི་སྤྱོད་པ་མཁས། །ཡུལ་ཅན་རྣམས་ནི་གསོད་ལ་མཁས། །དེ་བཞིན་ངག་རྣཾས་གསོད་པ་དང་། །ལུས་ཅན་རྣཾས་ནི་གསོད་ལ་བརྩོན། །སེཾས་ནི་གསོད་པ་མེད་ལ་མཁས། །
236b8 འཁོར་བ་ལས་ནི་རིང་དུ་སོང་། །དེ་བཞིན་གཤེགས་པས་ལུང་བསྟན་ཏེ། །བྱང་ཆུབ་སེཾས་དཔའི་མཚན་རྣཾས་དང་། །འཇིག་རྟེན་སྐྱོང་མཛད་དཔལྡན་མ། །དམ་ཆོས་འཛིན་པ་རྣཾས་ལ་བྱམས། །ུ0f00་ཨཱཿཧཱུ~ཾ་ཤྲཱི་དེ་བི་ཀཱ་ལི་ས་མ་ཡ་ཛ། ཌཱ་ཀི་ནཱ+ེ་ཌཱ་ཡ་ས་མ་ཡ་སྭཱ་ཧཱ།
iiif viewer powered by OpenSeadragon
236a - 237a