e-texts navigator
Collection
Volume
Page
Wylie

235b1 སྲིན་མོར་སྟོན། །དགྲ་དང་འཐབ་ཚེ་རྒྱལ་བར་བྱེད། །བུད་མེད་ནང་ན་མཆོག་ཡིན་ཏེ། །ཚིག་དབང་འཇིག་རྟེན་མགོན་པོ་འདྲ། །རྒྱལ་པོའི་ཁབ་ན་པད་མ་འདྲ། །ཞལ་བཟངས་ཟླ་བ་ཉ་བ་འདྲ། །ཆུ་ལ་རྒལ་ན་གྲུ་ཟམ་འདྲ། །ཕོངས་པ་རྣཾས
235b2 ཀྱི་གཉེན་བཤེས་འདྲ། །ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ། །ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ། །ལྷ་རྣམས་ཀུན་གྱི་རྫོང་བཅས་ནས། །ལྷ་དམག་དཀར་པོ་རྒྱལ་བར་བྱས། །ལྷ་མ་ཡིན་རྣམས་ཕམ་པར་བྱེད། །ལག་ན་མདུང་དམར་ཆེམས་སེ་ཆེམས། །
235b3 རུ་མཚོན་བ་དན་མེ་ལྟར་འབར། །དགྲ་འདུལ་གཡུལ་བཟློག་ཁྱེད་ལ་བསྟོད། །དེ་ནས་དྲང་སྲོང་ཆེན་པོ་ཀོའུ་དི་ནྱས་དཔལ་ལྷ་མོ་ལ་དཔེ་བྱད་ཀྱི་སྒོ་ནས་བསྟོད་པ། འཇིག་རྟེན་གཙོ་ལ་རྟག་ཏུ་གུས་ཕྱག་འཚལ། །མ་རྣམས་ནང་ན་ཁྱོད་ནི་རྟག་ཏུ
235b4 མཆོག་ཡིན་ཏེ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད། །བྱད་བཞིན་སྡུག་མཛེས་ཀུན་གྱིས་བལྟ་བར་མོས། །ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ་བརྒྱན། །མིག་ཡངས་འདམ་སྐྱེས་སྔོན་པོའི་འདབ་མ་འདྲ། །བསོད
235b5 ནམས་ཡེ་ཤེས་སྣང་བ་གྲགས་པས་བརྒྱན། །དཔེར་ན་རིན་ཐང་མེད་པའི་ནོར་བུ་འདྲ། །དེང་བདག་པད་མོ་ཁྱོད་ལ་སྔགས་པས་ཀྱང་། །སེམས་ལ་བསམ་པ་ཐ~ཾད་འགྲུབ་པར་འགྱུར། །ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་པ། །
235b6 པད་མ་ལྟ་བུར་ཤིན་དུ་རྣམ་པར་དག་།ལུས་མདོག་རབ་མཛེས་ཀུན་གྱིས་ལྟ་བར་མོས། །མཚན་མ་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱན། །དྲི་མེད་ཡེ་ཤེས་རབ་མཛེས་པ། །དྲན་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར། །ཅི་ལྟར་སེང
235b7 གེ་གཅན་ཟན་མཆོག་གྱུར་བཞིན། །བསྔགས་བསྟོད་ཚིག་ནི་འདི་ལས་འབྱུང་བ་ཡིས། །བསམ་པའི་དངོས་པོ་ཐམས་ཅད་གྲུབ་པར་ཤོག་།ཅེས་བསྟོད་དོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་འདུས་པ་རྣམས་ལ་བཀའ་སྩལ་པ།
235b8 ཁྱེད་ཀྱིས་དཔལ་ལྷ་མོ་ལ་བསྟོད་པ་ལེགས་སོ། །ང་ཡང་བསྟོད་པ་འདི་དག་གི་དོན་བསྒོམས་ཤིག་།ཡིད་ལ་རྟག་ཏུ་ཟློས་ཅིག་།ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིནོ། །སངས་རྒྱས་ཐ~ཾད་ལ་བསྟོད་པ་ཡིནོ། །ལྷ་མོ་དེས་ཀྱང་མི




iiif viewer powered by OpenSeadragon

235a - 236a

Texts on this page

J665 - dpal lha mo nag mo'i bstod pa rgyal po'i rgyud