e-texts navigator
Collection
Volume
Page
Wylie

233a1 ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་བསྡུད། །ཆོས་ཀྱི་དབྱིངས་ན་རྒྱལ་བ་རྣམས་དང་མཇལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར། །མི་མཇེད་འཇིག་རྟེན་ཤིན་དུ་རྩུབ་པ་འདིར། །ཕྱི་རོལ་ཚུལ་གྱིས་ཐམས་ཅད
233a2 འདྲེན་མཛད་མ། །ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟགས་པ། །སྒྲིབ་པ་མང་པོ་སྟོང་ཉིད་ངང་དུ་གཤེགས། །སྟོང་ཉིད་དམ་པ་སྟོང་པ་ཡང་དག་ཁྱོད། །སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས་བསྟོད། །འདི་ལྟར་བསྟོད་ན
233a3 བསྟོད་པར་འགྱུར་གྲང་བས། །ཁྱོད་ནི་བསྟོད་པའི་ཡུལ་ཅན་མ་ཡིན་ཡང་། །བྱིས་པ་དྲང་ཕྱིར་དོན་ལ་འདི་ལྟར་བསྟོད། །དེ་ནས་ནམཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་གསེར་མིག་ཅན་གྱིས་དཔལ་ལྷ་མོ་ལ་བསྟོད་པ། དཔལྡན་ལྷ་མོ
233a4 དཔག་པར་དཀའ་བའི་དོན། །ཐབས་ཀྱི་ཆོ་འཕྲུལ་ནམཁའི་མཁའ་ལ་སྤྱོད། །བྱང་ཆུབ་སེཾས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་རྡུལ་སྙེད་དབྱངས་ཀྱིས་ཕྱག་འཚལ་བསྟོད། །བདགིས་ཁྱོད་ནི་མཆོད་པས་མ་སྒྲིབས་ཀྱང་། །དཔལྡན་དངོས་གྲུབ
233a5 དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་འབབ་པས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱལ་གྱུར་ཅིག་།དཔལྡན་ཁྱོད་ནི་དགེ་སྡིག་བདག་པོ་སྟེ། །བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། །ཁྱོད་ཀྱི་ཐད་དུ་འགྱོད་པས
233a6 རབ་བཤགས་ན། །ཐུགས་རྗེའི་ཤུགས་ཀྱིས་བསྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངསུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགའ་འཐུན་ཕྲག་དོག་མེད་པའི་སྤྲོས་པ་ནི། །རྗེསུ་ཡི་རང་ཁྱོད་ཀྱི
233a7 རྒྱུད་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་མོ་བཟང་པོ་འཇིགས་པའི་མཐུ་སྟོབས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཀུན་དུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་བསྐུལ་བར་སྤོབས། །ཡང་དག་ཁྱོད་ཀྱི
233a8 ཡོན་ཏན་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་གདབ། །འདི་ལྟར་ཕྱག་འཚལ་མཆོད་ནས་གཤེགས་པ་དང་། །རྗེསུ་ཡི་རང་བསྐུལ




iiif viewer powered by OpenSeadragon

232b - 233b

Texts on this page

J665 - dpal lha mo nag mo'i bstod pa rgyal po'i rgyud