| | e-texts navigator
|
221b1 སྩལ་ཏེ། གཟུངས་སྔགས་འདི་ནི་སེམས་ཅན་དབུལ་པོ་དང་། ནད་སྣ་ཚོགས་ཀྱིས་གཟིར་བ་དང་། འཇིགས་པ་དང་། སེམས་ཅན་སྡང་བས་གནོད་པར་བྱས་པ་ཐ~ཾད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐ~ཾད་ཀྱིས
221b2 གསུངས་པ་དང་། བཤད་པ་དང་། རྗེསུ་ཡི་རང་བ་དང་། རབ་ཏུ་ཕྱེ་བ་དང་། བསྔགས་པ་དང་། བཀྲོལ་བ་དང་། གསལ་བར་མཛད་པ་དང་། བསྐྱེད་པ་དང་། བྱིན་གྱིས་བརླབས་པ་དང་། ཆོས་ཀྱི
221b3 ཕྱག་རྒྱས་བཏབ་པ་དང་། བསྟོད་པ་དང་། སྙན་པར་བརྗོད་པ་དང་། གོ་བར་མཛད་པ་དང་། བསྙད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། དེའི་ཚེ་ཐལ་མོ་སྦྱར
221b4 ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངྱས་བཅྡོཾས་བས~ཾ་གྱིས་མི་ཁྱབ་སྟེ། །སངྱས་ཆོས་ཀྱང་བསམ་གྱིས་མི་ཁྱབ་ལགས། །བས~ཾ་གྱིས་མི
221b5 ཁྱབ་པ་ལ་དད་རྣམས་ཀྱིས། །རྣམ་པར་སྨིན་པ་འང་བས~ཾ་གྱིས་མི་ཁྱབ་ལགས་ཞི་བ་ཅི་ཡང་མཁྱེན་པ་ཐ~ཾད་མཁྱེན། །ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། །ཡེ་ཤེས་ཕ་རོལ་བགྲོད་པར་ཕྱིན་གྱུར
221b6 པ། །སངས་རྒྱས་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚིམ་ཞིང་དགའ་ལ་མགུ་ཞིང་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས
221b7 བཅྡོཾས་ལ་འདི་སྐད་ཅེས་གསོལ་ཏོ། །བཅྡོཾས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་བཅྡོཾས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ཁྱིམ་བདག
221b8 ཟླ་བ་བཟང་པོས་ཞུས་པ་ཞེས་བྱ་བར་ཟུང་ཤིག་། ནོར་དང་། འབྲུ་དང་། རིན་པོ་ཆེ་ཐ~ཾད་ཀྱི་གཏེར་ཞེས་བྱ་བར་ཡང་ཟུང་ཤིག་།དེ་བཞིན་གཤེགས་པ་ཐ~ཾད་ཀྱིས་སྔགས་པ་ནོར་གྱི་རྒྱུན་གྱི
iiif viewer powered by OpenSeadragon
221a - 222a