| | e-texts navigator
|
248b1 པའི་རིགས་བསྔགས་ཀྱི་རྒྱལ་མོ་ཆེན་མོའོ། །དཀོན་མཆོགས་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།
248b2 བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟངས་ལྷའི་འདུན་ས་ན། དགེ་སློང་གིས་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་ཐབ་གཅིག
248b3 ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས། གཙུག་ཏོར་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་སོ། །སྙོམ་པར་ཞུགས་མ་ཐག་ཏུ་བཅོམ
248b4 ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་བྱུང་ངོ་། །ན་མོ་བྷ་ག་བ་ཏེ་ཨུཥྞཱི་ཥཱ་ཡ་ཤུད་དྷེ་བི་ར་ཛེ་བི་མ་ལེ་སྭཱཧཱ། བཅོམ་ལྡན་འདས་གཙུག་ཏོར་ཐོགས་པ་མེད་པ་ལ་ཕྱག་འཚལ་ལོ། །
248b5 སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡངས་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་པོ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་སངས
248b6 རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན
248b7 ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །
248b8 ལྷའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་དམོད་པའི་མཚོན་ཆ་ཅན་དམོད་པས་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །
iiif viewer powered by OpenSeadragon
248a - 249a