| | e-texts navigator
|
244a1 གཙུག་ཏོར་རྣམ་པར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དབུལ་ལོ། །ཡང་ན་ཨོཾ་ཨ་མྲི་ཏ་ཨ་ཡུརྡྷ་ཏེ་སྭཱ་ཧཱ། ཞེས་བྱ་བའི་ཚེ་དང་། བློ་རྣོ་བ་དང་བཅས་པས་བརྒྱད་བརྒྱ་དུས་གསུམ་དུ་སྦྱིན་སྲེག་བྱའོ། །གཙུག་ཏོར་རྣཾས
244a2 པར་རྒྱལ་བ་ལན་བདུན་དུ་བཟླས་པ་བྱས་ན་ཚེ་རིང་བ་དང་། བློ་རྣོ་བ་དང་། སྐྱིད་པ་དང་། ནད་མེད་པར་འགྱུརོ། །ཡང་ན་ཟླ་བ་རེ་རེའི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ་དུས་གསུམ་དུ་ཚེ་ལོ་སྟོང་ཐུབ་པར་འདོད་པས
244a3 སྦྱིན་སྲེག་བྱས་ན་མཆོག་གིས་ཚེ་རིང་བ་དང་། བློ་རྣོ་བ་སྦྱིན་པར་བྱེད་དོ། །སེམས་ཅན་རྣཾས་ལ་སྨད་པར་མི་བྱའོ། །ཆོ་ག་འདིས་རང་གི་ལུས་ནད་ཀྱིས་གོས་པར་མི་འགྱུརོ། །ལོ་བརྒྱ་ལྔ་བཅུར་འཚོ་བ་དང་། དགྲ་ལས་རྒྱལ་བ་དང་། བློ་རྣོ
244a4 བར་འགྱུརོ། །དབྱངས་སྙན་པར་འགྱུརོ། །གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བ་ཆེན་པོར་འགྱུརོ། །དེ་ནས་གཞན་ཡང་སྒྲུབ་པར་འདོད་ན་གཙུག་ཏོར་གྱི་རྒྱལ་པོ་ཆེན་པོ་ཚེ་དང་བློ་རྣོ་བ་དང་བཅས་པར་འབུམ
244a5 ཕྲགཅིག་སྦྱིན་སྲེག་བྱས་སྟེ། དང་པོ་དང་མཐར་སྟོང་སྟོང་གི་མཆོད་པ་བྱས་ལ་ཡང་འབུམ་ཕྲགཅིག་བཟླས་པ་བྱས་ན་ཚེ་ལོ་འབུམ་ཕྲགཅིག་ཐུབ་པར་འགྱུརོ། །བྱེ་བ་བྱས་ན་བྱེས་བ་ཐུབ་བོ། །དེ་ལྟར་འདིའི་ཆོ་གའི་རིམ་པས
244a6 ཚེ་ལོ་དཔག་ཏུ་མེད་པར་འགྱུར་ཏེ། ནམཁའ་ལ་འགྲོ་བ་དང་། དཔའ་བ་དང་། དགྲ་ལས་རྒྱལ་བར་འགྱུརོ། །དཔལ་འདོད་ན་དཔལ་འབྲས་འབུམ་ཕྲགཅིག་སྦྱིན་སྲེག་བྱས་ན་དཔལ་ཆེན་པོ་ཐོབ་པར་འགྱུརོ། །རྒྱལ་པོ་འདོད
244a7 ན་པད་མ་འབུམ་ཕྲགཅིག་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོ་ཐོབ་པར་འགྱུརོ། །བྱེ་བ་གཅིག་བྱས་ན་འཁོར་ལོས་སྒྱུར་བ་ཐོབ་པར་འགྱུརོ། །ཡང་ན་རལ་གྲི་ལ་སོགས་པ་གྲུབ་པར་འདོད་ན་རིང་བསྲེལ་དང་བཅས་པའི་མཆོད
244a8 རྟེན་གྱི་དྲུང་དུ་ཐུང་སྐུ་བཀྲམ་ལ་སྟོང་གི་མཆོད་པ་ཆེན་པོས་མཆོད་ལ་བཟླས་པ་འབུམ་བྱས་ཏེ། ཡང་ལྕགས་ལྔའི་རང་བཞིན་གྱི་རལ་གྲི་ལ་བཟླས་པ་འབུམ་བྱས་ཏེ་ལག་པ་གཡས་པར་བཅངས་ན་ཡིད་ཀྱིས་འགྲོ་བ་དང་། འདོད
iiif viewer powered by OpenSeadragon
243b - 244b