e-texts navigator
Collection
Volume
Page
Wylie

243b1 ནས་བཟུང་སྟེ་ཇི་སྲིད་བཅཝ་ལྔའི་བར་དུ་སྟོང་སྟོང་བཟླས་པ་བྱའོ། །དེ་ནས་སྔ་བར་ནམ་ནངས་པ་དང་བཅོམ་ལྡན་འདས་མ་ཞལ་མཐོང་བར་འགྱུརོ། །དེ་ནས་ཇི་ལྟར་དངོས་གྲུབ་འདོད་པ་སྟེར་རོ། །ཡང་ན་ནི་ཐང་ཀ་དེ་དྲི་ཞིམ་པོ་དང
243b2 བསྲེས་པའི་ཆུས་བྱུག་པའི་ཕྱོགས་གཅིག་ཏུ་ཡང་དག་པར་བཞུགསུ་གསོལ་ལ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཉི་མ་རེ་རེ་ཞིང་བརྒྱད་བརྒྱ་བཟླས་པ་བྱའོ། །ཡང་ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱ་ཞིང་སྟོང་སྟོང་གི་བཟླས་པ་བྱས
243b3 ན་ཚེ་དཔག་ཏུ་མེད་པ་དང་། སྟོབས་དཔག་ཏུ་མེད་པ་གནོན་པ་དང་། ནམཁའ་དང་འགྲོ་བ་དང་། ནད་ཆེན་པོ་མེད་པར་འགྱུརོ། །སེམས་ཅན་ཐཾད་ཀྱིས་ཉི་མ་རེ་རེ་ཚིགས་བཅད་སྟོང་འཛིན་པའི་ཕྱིན་ཅི་མ་ལོག་པའི་ངག་ཏུ་འགྱུརོ། །ཡང་ན
243b4 ཁ་གཅིག་གིས་དེ་ལྟ་བུ་བྱེད་པར་མི་ནུས་ན་དེ་ཡིས་རང་གི་ཁྱིམ་དུ་དྲི་ཞིམ་པོ་དང་བསྲེས་པས་སའི་ཆར་བཞུགསུ་གསོལ་ལ། ཇི་ལྟར་འབྱོར་པའི་མཆོད་པ་བྱེད་ལ་ཟླ་བ་འོང་ངོ་ཅོག་གི་ཚེས་བརྒྱད་ལ་བརྒྱད་བརྒྱའི་བཟླས་པ་བྱ་ཞིང་ཉི་མ་རེ་རེ་དུས
243b5 གསུམ་དུ་ཉི་ཤུ་རྩ་གཅིག་རྩ་གཅིག་རྗོད་ན་བློ་རྣོ་བ་དང་། ཚེ་རིང་བ་དང་། ཤེས་རབ་དང་ལྡན་པ་དང་། ནད་མེད་པ་དང་། སྐྱིད་པ་དང་། ལོ་བརྒྱ་འཚོ་བ་དང་། སྐྱེ་བ་དྲན་པར་འགྱུརོ། །ཡང་ན་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཚེ་རིང་བ
243b6 དང་། བློ་རྣོ་བར་འགྱུརོ། །དེ་ནས་གཞན་ཡང་སྦྱིན་སྲེག་གི་ཆོ་ག་སེམས་ཅན་ཐཾད་ལ་ཕན་པའི་ཕྱིར་ཉེ་བར་བཤད་པར་བྱ་སྟེ། ཁྲུ་གང་གི་ཚད་ཀྱི་ཐབ་ཁུང་ཟླུམ་པོ་རྡོ་རྗེའི་ཕྲེང་བས་བརྒྱན་པ། ཙན་དན་དཀར་པོ་འཾ་ས་དཀར་གྱིས་བྱུག
243b7 ལ་མེ་ཏོག་དཀར་པོ་བཀྲཾ་སྟེ། ལོགས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ། བདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ། ཕྱོགས་བཞིར་མཚན་ཉིད་དང་ལྡན་པའི་བུམ་པ་རབ་ཏུ་མཛེས་པ་གོས་དཀར་པོས་གཡོག་པ་ཡལ
243b8 གས་ཁ་བརྒྱན་པ་དགོད་པར་བྱའོ། །འོ་མ་ཅན་གྱི་ཡམ་ཤིང་ལ་མེ་སྤར་ལ་དེར་མེ་ལྷ་བཀུག་སྟེ་དགང་བླུགས་གསུཾ་བྱིན་ལ་གསང་གཏོར་བྱས་ཏེ་གཤེགསུ་གསོལ་ལོ། །དེ་ནས་ཚེ་དཔག་ཏུ་མེད་པ་གསལ་པོར་ཐབ་ཁུང་གི་དབུསུ་བསཾ་ལ




iiif viewer powered by OpenSeadragon

243a - 244a

Texts on this page

J534(b) - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa