| | e-texts navigator
|
243a1 སྐུད་པ་ཚད་དང་ལྡན་པ་མཛེས་པའི་རས་མཁས་པས་བྱའོ། །དེ་ནས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་མཚོན་སྣ་མ་ལུས་པས་གཟུངས་ཀྱི་ཡི་གེ་ལས་སྤྲུལ་པའི་མཆོད་རྟེན་གྱི་ནང་དུ་བྲི་བར་བྱའོ། །
243a2 ཚེ་དཔག་ཏུ་མེད་པ་འོད་ཟེར་སྟོང་གི་ཕྲེང་བ་ཅན་པད་མ་དང་ཟླ་བའི་གདན་ལ་བཞུགས་པ། སྟོན་ཀའི་ཟླ་བ་ལྟ་བུའི་འོད་ཅན། རྒྱན་ཐཾད་ཀྱིས་བརྒྱན་པ། ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་བརྒྱད་པ། གཡས་པའི་ཞལ་ཞི
243a3 བ་གསེར་གྱི་འོད་ཟེར་དང་ལྡན་པའོ། །གཡོན་པ་ནི་མཆེ་བས་མ་མཆུ་མནན་པ་མི་བཟད་པ་ཨུཏྤ་ལ་སྔོན་པོའི་འོད་ཟེར་གྱི་འོད་དང་ལྡན་པའོ། །དབུས་མ་ནི་སྒེག་པ་དང་བཅས་ཤིང་དཀར་བའོ། །གཡས་པའི་ཕྱག་གིས་སྙིང་ཀར་སྣ
243a4 ཚོགས་རྡོ་རྗེའོ། །དེ་བཞིན་དུ་པད་མ་ལ་གནས་པའི་འོད་དཔག་ཏུ་མེད་པ་དང་། མདའ་དང་མཆོག་སྦྱིན་པའོ། །གཡོན་དུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དེ་བཞིན་དུ་གཞུ་དང་། མི་འཇིགས་པ་དང་། བུམ་བའོ། །ཡང
243a5 མགོ་བོར་མཆོད་རྟེན་ལ་གནས་པའི་ཨོཾ་དང་། མགྲིན་པར་ཨཱཿདང་། སྙིང་ཀར་ཧཱུ~ཾ་ངོ་། །དཔྲལ་བར་ཏྲ~ཾ་ངོ་། །ལྟེ་བའི་ཕྱོགས་སུ་ཧྲིའོ། །རྐང་པ་གཉིས་ལ་ཨོཾ་ཨཿཡི་གེ་འདི་རྣམས་བཀོད་ལ་རཀྵ་སྭཱ་ཧཱ། དང་བཅས་པ་འདིའི་ནང་དུ་རང་གི་མིང
243a6 དང་སྤེལ་བའོ། །དེའི་ལོགས་གཉིསུ་པད་མ་དང་། རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣཾས་པའོ། །སྟེང་དུ་བདུད་རྩིའི་ཆར་གྱི་རྒྱུན་འབེབས་བཞིན་པའི་གནས་གཙང་མའི་ལྷའི་བུ་གཉིས་སོ། །ལོགས་བཞིར་ཁྲོ་བོ་མི་གཡོ
243a7 བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་ཅན་དང་། སྟོབས་པོ་ཆེ་ཞེས་བྱ་བ་སྟེ། རལ་གྲི་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། རྡོ་རྗེ་བསྣཾས་པའོ། །གཡོན་པ་ན་གདུག་པ་ཅན་འཇིགས་པའི་སྡིགས་མཛུབ་ཆེད་དུ་བྱེད་པའོ། །
243a8 དེ་ལྟར་འབད་པས་རྫོགས་པར་བྱས་རེང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་སྙུང་བར་གནས་པས་མཆོད་པ་ཆེན་པོ་སྟོང་ཕྲག་གཅིག་གིས་མཆོད་པ་བྱས་ལ་འབུམ་ཕྲགཅིག་བཟླས་པ་བྱའོ། །དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག
iiif viewer powered by OpenSeadragon
242b - 243b