e-texts navigator
Collection
Volume
Page
Wylie

242b1 བཟླས་པར་བྱའོ། །ཟླ་བ་རེ་རེ་ཞིང་བྱས་ན་ཟླ་བ་དྲུག་གིས་ཚེ་ལོ་སྟོང་ཐུབ་པར་འགྱུརོ། །རྟག་ཏུ་ལོ་གཅིག་ཏུ་བྱས་ན་ཚེ་ལོ་འབུམ་ཐུབ་པར་འགྱུརོ། །རྟག་ཏུ་བྱས་ན་ཚེ་ལོ་མི་ཟད་པ་ཐུབ་ཅིང་སྟོབས་དང་ལྡན་པ་དང་། གང་གིས་ཀྱང་མི་ཐུབ་ཅིང་ལྷ་དང
242b2 ལྷ་མ་ཡིན་དང་མི་མཉཾ་པའི་མཁའ་སྤྱོད་ཀྱི་གཙུག་ཏོར་མཆོག་ཏུ་འགྱུརོ། །དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནསུ་ས་བླངས་ལ་དྲི་ཞིམ་པོས་བསྲེས་ལ་མཆོད་རྟེན་བྱའོ། །སྟོང་ཕྲགཅིག་ནས་བརྩཾས་ཏེ་ཇི་སྲིད་ལྔའམ་གཅིག་གི
242b3 བར་དུའོ། །ཉི་མ་རེ་རེ་ཞིང་མཆོད་རྟེན་དུ་གཏོགས་པ་གཙུག་ཏོར་རྣམ་པར་རྒྱལ་བ་ཡང་དག་པར་བཞུགསུ་གསོལ་ལ། ཇི་སྐད་གསུངས་པའི་མཆོད་པ་རྒྱ་ཆེན་པོ་བྱས་ལ་སྟོང་ཕྲགཅིག་ནས་བརྩཾས་ཏེ་ལན་བདུན་གྱི་བར་དུ་བཀླག་པར་བྱའོ། །
242b4 ཉི་མ་རེ་རེ་ཞིང་ཚེ་དང་བློ་སྟེར་བར་བྱེད་པའི་གཟུངས་ཀྱི་ཆེད་དུ་བྱས་ཏེ། སེམས་ཅན་ཐཾད་ལ་ཐུན་མོང་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ། །སེམས་ཅན་རྣཾས་ལ་བཅིང་བ་དང་བརྡུང་བ་ལ་སོགས་པ་སྤང་བར་བྱའོ། །ཟླ་བ་གཞན་རེ་རེ་ལ་མཆོད
242b5 པ་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱ་བ་ནི་རང་ངམ་རང་དང་འདྲ་བས་བྱའོ། །ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུརོ། །བློ་རྣོ་བ་དང་། ནད་མེད་པ་དང་། ཚེ་ལོ་བརྒྱ་ཐུབ་ཅིང་འགྲོ་བ་ཐཾད་ཀྱིས
242b6 ཡིད་དུ་འོང་བ་དང་། སྐྱེ་བ་དྲན་པར་འགྱུརོ། །གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་སྦྲུལ་ཤུན་པ་རྗེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ་མཛེས་པའི་ལུས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁཾས་སུ་སྐྱེ་བར་འགྱུརོ། །ཡང་དེ་ཉིད
242b7 དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་འགྲོར་སྐྱེ་བར་མི་འགྱུརོ། །རྣ་བའི་བུག་གར་དམྱལ་བའི་སྒྲ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ག་ལ་འགྱུར། འདི་རྣམས་ཀྱི་གནས་སུ
242b8 འགྲོ་བ་མེད་དོ། །དེ་ནས་བཅྡོཾས་ཚེ་དཔག་ཏུ་མེད་པས་གཞན་ཡང་སྒྲུབ་པའི་ཐབས་བཀའ་སྩལ་པ། གང་གིས་སེམས་ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་ཉམ་ང་བའི་འཁོར་བ་ལས་གྲོལ་བར་བྱེད་པ་ནི་གཞོན་ནུ་མས་བཀལ་བའི




iiif viewer powered by OpenSeadragon

242a - 243a

Texts on this page

J534(b) - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa