e-texts navigator
Collection
Volume
Page
Wylie

242a1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་བ་ལེགས་པར་སྨྲས་པ་ནི། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །སེམས་ཅན་ཀུན་ལ་ཕན་རྩེའི་ཕྱིར། །འདིར་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །དེ་ནས་བཅོམ་ལྡན་འདས་ཀུན
242a2 དུ་འོད་དཔག་ཏུ་མེད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས་འདི་གསུངས་པ་ནི་འདི་ལྟ་སྟེ། ཨོཾ་ཨ་མི་ཏེ། ཨ་མི་ཏོད་བྷ་བི།
242a3 ཨ་མི་ཏ་བི་ཀྲཱན་ཏེ། ཨ་མི་ཏ་གཱ་དྲི། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨ་ཡུརྡྷ་ཏེ། ག་ག་ན་ཀཱིནྟ་ཏི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡ~ཾ་ཀ་རི་ཡི་སྭཱ་ཧཱ། ཞེས་བྱ་བའི་གཟུངས་འདིས་མཆོད་བརྟེན་བྱེད་པའི་འཇིམ་པ་བླང་བ་དང་། བྱུག་པ་ལ་སོགས་པ
242a4 དང་། གདུགས་པའི་གདགི་བར་ཇི་སྲིད་སྲིད་རྫོགས་པར་བྱའོ། །འདིའི་ཆོ་ག་ནི། མཆོད་བརྟེན་ཆོ་ག་མཆོག་གྱུར་པ། །དེ་ནས་ཡང་དག་བཤད་བྱ་བ། །གསེར་དང་། ཨིན་དྲ་ནཱི་ལ་དང་། དངུལ་དང་། པད་མ་རཱ་ག་ལ་སོགས་པ་རང་བཞིན་མང་པོའི་རིན་པོ་ཆེས་སྤྲས
242a5 པའི་སོར་བཅུ་གཉིས་ཀྱི་ཚད་པད་མའི་སྟིང་ན་བཞུགས་པ། དེའི་ལོགས་བཞིར་འཇིག་རྟེན་སྐྱོང་བ་བཞི་ལག་ན་རྒྱལ་མཚན་བསྣཾས་པའོ། །མེ་ཏོག་དང་། བདུག་པ་དང་། དྲི་ལག་ན་བཟུང་བའི་གནས་གཙང་མའི་ལྷའི་བུ་རྣཾས་དང་། ལྷ་རྣཾས
242a6 ཀྱི་དབང་པོ་བརྒྱ་བྱིན་ལག་ན་གདུགས་བསྣཾས་པ་དང་། གཡས་དང་གཡོན་གྱི་ལོགཉིས་ན་སྤྱན་རས་གཟིགས་དང་། རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣཾས་པ་གཉིས་བྱའོ། །དེ་ལྟ་བུའི་ཆོ་གས་མཆོད་བརྟེན་ལ་གཡས་སྐོར
242a7 གྱིས་སྦྱོར་བས་པད་མའི་འདབ་མ་ལ་བྲི་བར་བྱའོ། །དེ་བཞིན་གཤེགས་པ་ཐཾད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བྲིས་ལ་དེའི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ཏེ། དྲི་ཞིམ་པོ་དང་བསྲེས་པའི་ཆུས་གཏོར་ཞིང་དྲི
242a8 ཞིམ་པོའི་མེ་ཏོགིས་མཆོད་ལ། སྟོང་ཕྲག་ཅིག་གིས་མཆོད་པ་བྱས་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་བསྙུང་བར་གནས་ཤིང་། སེམས་ཅན་ཐཾད་ལ་ཕན་པའི་བློས་ཚེ་དང་བློ་སྟེར་བའི་ཡོན་བྱིན་ཏེ་སྟོང་ཕྲགཅིག་གཅིག




iiif viewer powered by OpenSeadragon

241b - 242b

Texts on this page

J534(b) - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa