| | e-texts navigator
|
239b1 བཅོམ་ལྡན་འདས་བདག་ནི་བྱས་པ་གཟོ་བར་བགྱིད་ཀྱི་བྱས་པ་མི་གཟོ་བར་མི་བགྱིད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ
239b2 ལྡན་འདས་གཟུངས་འདིའི་ཆོ་ག་ཞིབ་མོ་དང་། བགྱི་བའི་ཆོ་གའི་ཚུལ་རྒྱས་པར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་དང་གཟུངས་འདིའི་བྱ་བའི
239b3 ཆོ་གའི་ཚུལ་བཤད་པར་བྱའོ། །སེམས་ཅན་ཚེ་ཐུང་བའི་དོན་གྱི་ཕྱིར་རིག་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཚེས་བཅཝ་ལྔའི་ཟླ་བ་ལ་ཁྲུས་བྱས་ཏེ། གོས་གཙང་མ་གྱོན་ནས་བསྙུང་བ་བྱས་ཏེ། ལན་སྟོང་བཟླས་བརྗོད་བྱས་ན
239b4 དེ་སེམས་ཅན་ཚེ་ཟད་པ་དེ་ཡང་ཕྱིར་ནུར་རོ། །ནད་དང་བྲལ་བར་འགྱུར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར
239b5 འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་བྱའི་རྣ་ལམ་དུ་ཡང་གཟུངས་འདིའི་སྒྲ་བསྒྲགས་པར་བྱ་སྟེ། དེས་ནི་དེའི་ངན་འགྲོ་འདི་ཉིད་ཐ་མ་ཡིན་པར་རིག་པར་བྱའོ། །གང་ཞིག་ནད་ཆེན་པོས
239b6 བཏབ་སྟེ་སྨན་པ་རྣམས་ཀྱིས་བྱེ་བྲག་ཕྱེ་ཏེ་བོར་བ་ཡང་དེ་ལྟར་ན་ནད་དེ་ལས་ཡོངསུ་ཐར་བར་འགྱུར་རོ། །དེ་ནི་ངན་འགྲོར་སྐྱེ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི
239b7 ཁམས་སུ་སྐྱེ་བར་འགྱུར་རོ། །དེ་ཉིད་དེའི་མངལ་གྱི་གནས་ཐ་མ་ཡིན་པར་ཤེས་པར་བྱའོ། །དེ་གང་དང་གང་དུ་སྐྱེ་བ་དེ་དང་དེར་པད་མའི་སྙིང་པོ་ཁོ་ན་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཡང་ཚེ་རབས
239b8 དྲན་པར་འགྱུར་རོ། །སེམས་ཅན་སྡིག་པ་བྱེད་པ་གང་དག་འཆི་བའི་དུས་བྱས་པ། དེ་དག་གིས་དོན་དུ་གཟུངས་འདི་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བརྗོད་དེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན
iiif viewer powered by OpenSeadragon
239a - 240a