e-texts navigator
Collection
Volume
Page
Wylie

197a1 ཧཱུ~ཾ་ཕཊ་པི་ཤཱ་ཙི་སྭཱ་ཧཱ། ཨུ0f00་ཨཾ་ཀུ་རེ། ཀུ་རེ་ཀུ་ར་རེ་པརྞྞ་ཤ་བ་རི་སྭཱ་ཧཱ། གནག་ནད་ལ་སྲད་བུ་བྱས་ཏེ། བརྒྱ་རྩ་བརྒྱད་དུ་བཟླས་ཤིང་མདུད་པ་བརྒྱ་རྩ་བརྒྱད་དུ་མདུད་དེ། སྔགས་ཀྱི་སྙིང་པོ་བྲིས་པའི་སྣོད་དང་བཅས་པས་བཟླས་པ་ཚུལ་བཞིན
197a2 དུ་བྱས་ལ། དེའི་རྗེས་ལ་ནད་པའཾ། རྟ་དང་བ་ལང་ལ་སོགས་པ་ལ་སྤོས་ཆུས་བཀྲུས་ནས་ཁྱུ་མཆོག་ཀྱང་བཀྲུས་ཏེ་དེའི་མགོ་ལ་བཅིང་ན་ཞི་བར་འགྱུརོ། །དེ་བཞིན་དུ་མ་ཧེ་དང་། ར་ལུག་རྣཾས་ལ་གནོད་པ་བྱུང་བ་ལ་ཡང་ལྷསུ་བྲིས་བྱའོ། །བུཾ་པ
197a3 ཆུ་གཙང་མས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་སྔགས་ནས་བཀྲུས་ན་ཞི་བར་འགྱུརོ། །སྔ་དྲོ་ཕྱུགས་ཀྱི་ལྷསུ་སོང་ལ་དྲི་དང་མེ་ཏོག་གི་གཏོར་མ་བྱས་ཏེ། བུཾ་པ་སར་པ་མ་སྤྱད་པ་ཆུས་བཀང་ལ་བརྒྱ་རྩ་བརྒྱད་དུ་སྔགས་ཏེ། ཕྱུགས་ལྷས
197a4 ཀྱི་སྒོར་རྟ་བབས་གཟུགས་ཤིང་། རྟ་བབས་དེ་ལ་ཆུ་ཤིང་གི་ལོ་མ་ལ་རིག་པ་གིའུ་ཝང་གིས་བྲིས་ཏེ། རྟ་བབས་ཀྱི་ཁར་གདགས་སོ། །དེ་ནས་ཕྱུགས་ཐཾད་གཟས་ལ་སོང་བ་རྟ་བབས་ཀྱི་སྒོ་དེ་ནས་གཟུད་དོ། །གཞན་ཡང་བུཾ་པ་བཞི་ཆུས་བཀང་སྟེ
197a5 བརྒྱ་རྩ་བརྒྱད་དུ་སྔགས་ནས་མི་བཞི་ཆུས་གཏོར་ན་ཕྱུགས་ནད་མེད་པར་འགྱུརོ། །དེ་བཞིན་དུ་ཞག་བདུན་དུ་བྱས་ན་ནད་ཐཾད་ཞི་བར་འགྱུར་རོ། །མི་ནད་དང་ཕྱུགས་ནད་ལ་གྲོ་ག་ལ་བྲིས་ཏེ། མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་གདགས
197a6 སོ། །སྟག་གི་འཇིགས་པ་ལ་དྲིལ་བུ་ལ་བཟླས་ནས་དཀྲོལ་བར་བྱའོ། །ཆུ་སྲིན་གྱིས་འཇིགས་པ་ལ་མདའ་དང་། ཕ་གུ་ལ་བསྔགས་ན་སྦྲུལ་དང་། བྱི་བ་དང་། སྡིག་པ་ལ་སོགས་པ་རྣཾས་ཀྱང་ཁ་བཅིངས་པར་འགྱུརོ། །གཡུལ
197a7 ངོར་ཐལ་བ་ལ་བསྔགས་ཏེ། སྤྱི་བོ་དང་མགུལ་དུ་བྱུགས་ན་མཚོན་ཆ་བཟློག་པར་བྱེད་དོ། །སྐུད་པ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲི་ལ་བཅིང་ངོ་། །བུཾ་པ་ལ་བརྒྱ་རྩ་བརྒྱད་དུ་བསྔགས་པས་ཁྲུས་བྱའོ། །ལག
197a8 པའི་སྐུད་པ་ལ་བཟླས་ནས་བཅིང་ངོ་། །དེ་ནས་བདེ་བར་འགྱུརོ། །ཡུལ་བསྐོར་ཏེ་དྲིལ་བུ་དང་། རྔ་དང་། དུང་ལ་བཟླས་པ་བྱས་ན་བགེགས་ཐཾད་འབྱེར་ཏེ་གནོད་པ་འང་ཞི་བར་འགྱུར་རོ། །སྐྱེས་བུ་དཔའ་བོ་ཡི་དཔྲལ་བར




iiif viewer powered by OpenSeadragon

196b - 197b

Texts on this page

J521(c) - 'phags pa pa r+N+Na sha ba ri'i mdo