e-texts navigator
Collection
Volume
Page
Wylie

19a1 པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། གཞི་མེད་པ་དང་། མཚན་ཉིད་མེད་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དང་། རིག་པར་བྱ་བ་མ་ཡིན་པ་དང་། ཐོག་མ་དང་ཐ་མ་འཇིག་པ་མེད་པར་མཛད་པ་དང་། གཡོ་བ་མེད་པར་མཛད་པ་དང་། གཉིས
19a2 སུ་མེད་པ་དང་། གཉིས་སུ་མེད་པ་མ་ཡིན་པ་དང་། ཞི་བ་དང་། བློ་འཇུག་པ་རྣམ་པར་སྤངས་པ་དང་། གཉེན་པོ་མེད་པ་དང་། མ་གོས་པ་དང་། ནམ་མཁའི་ལམ་དང་འདྲ་བ་དང་། ཡོད་པ་དང་མེད་པར་བརྗོད་པ་མ་ཡིན་པ་དང་། རྨི་ལམ་གྱི་ངོ་བོ་ཉིད་དང་། སྒྱུ་མ་ལྟ་བུའི་ཆོས་ཉིད་དང་།
19a3 མགལ་མེ་བསྐོར་བ་དང་འདྲ་བ་དང་། ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ། །སུ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་འདི་འདོན་པ་དེ་ངན་སོང་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དགོངས་པར་འགྱུར་རོ། །
19a4 བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་དུ་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་པར་འགྱུར་རོ། །དེའི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་བྱའོ། །
19a5 བཅོམ
19a6 ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། མོས་པ་ལ་བྱམས་མ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་མཁྱེན་པ་ཉིད། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས
19a7 ཅད་ཀྱི་ཕྱག་བཞེས་པ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨུ0f00་པྲཛྙཱ+ེ་པྲཛྙེ་མ་ཧཱ་པྲཛྙེ། པྲཛྙཱ་ཨ་བ་བྷཱ་སྱེ། པྲཛྙཱ་ཨཱ་ལོ་ཀ་ཀ་རེ། ཨ་ཛྙཱ་ན་བི་དྷ་མ་ནི། སིད་དྷི། སུ་སིད་དྷི། སིད་མ་ན། བྷ་ག་བ་ཏི་སརྦྦཱ~ཾ། ག་སུན་དྷ་རི། བྷ་ག་བ་ཏི་བརྟ་ས་ལི། པྲ་སཱ་རི་ཏ
19a8 ཧསྟེ། ས་མ་ཤྭཱ་ས་ཀ་རི། ཏིཥྛ་ཏིཥྛ། ཀམ་པ་ཀམ་པ། ཙ་ལ་ཙ་ལ། རཱ་བ་རཱ་བ། ག་ཨཱ་གཙྪ། ཨཱ་གཙྪ། བྷ་ག་བ་ཏི་མཱ~ཾ་མྦི་ལམྦ་བ་སྭཱ་ཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཟུང་བར




iiif viewer powered by OpenSeadragon

18b - 19b

Texts on this page

J510 - 'phags pa shes rab kyi pha rol tu phyin pa'i mtshan brgya rtsa brgyad pa zhes bya ba