e-texts navigator
Collection
Volume
Page
Wylie

177a1 གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་དང་། བདེ་བ་ཐམས་ཅད་མྱུར་དུ་སྩོལ་ཅིག་པ་འམ། ཡང་ན་སེམས་ཅན་ཐམས་ཅད་ཀྱི་ཟག་པ་མེད་པའི་དགེ་བ་འབྱུང་བའི་སྦྱོར་བ
177a2 ཡང་དག་པར་འབྱུང་བ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་གྲུབ་པའི་མཆོག་དེ་དག་གིས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟ་བུ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་ཡིད་ལ་བྱེད་པ་འམ་ངག་ཏུ་བརྗོད་དེ། སངས
177a3 ར་གྱས་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་མངོན་པར་བསྒྲུབ་པའི་རྒྱུ་དང་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་རིག་པའི་རྒྱལ་པོ་ཆེན་པོ་འདི་ལན་བརྒྱད
177a4 བརྗོད་པར་བྱའོ། །ན་མཿ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱ~ཾ། ན་མོ་སྟུ་ཏེ་མ་ཧཱ་བཛྲ་སརྦ་ས་ཏྭཱ་ཧི་ཏ~ཾ་ཀ་ར། ཏིཥྛ་སརྦ་ཏྲ། སརྦྦེ་ཥཱ~ཾ་དྷརྨྨཱ་ཎཱ~ཾ་ཨ་དྷིཥྛཱ་ཡ་སྭཱ་ཧཱ། རིག་པའི་རྒྱལ་པོ་འདི་བརྗོད་པ་ཙམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས
177a5 དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དེ་དག་གི་སྤྲུལ་པའི་སྤྲིན་རྒྱ་ཆེན་པོ་མོས་པས་མངོན་པར་བསྒྲུབས་ནས། མདོར་ན་སེམས་ཅན་གྱི་ཁམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད
177a6 པ་ཡང་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱིས་དེ་དག་ལ་ཡང་དག་པར་དད་པར་བྱའོ། །དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁོ་ནས་མཁྱེན་ཏོ། །དེ་ནས་དེ་དག་ཐམས་ཅད་བླ་ན་མེད་པའི་བསོད
177a7 ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། རྗེསུ་ཡི་རང་བ་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེའི་འོག་ཏུ་བདག་སྡུག་བསྔལ་བར་གྱུར་པ་ལ། སངས་རྒྱས་དང་བྱང་ཆུབ
177a8 སེམས་དཔའ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་བདག་ལ་གྲུབ་པའི་མཆོག་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་།




iiif viewer powered by OpenSeadragon

176b - 177b

Texts on this page

J474 - dam tshig gsum bkod pa'i rgyal po zhes bya ba'i rgyud