e-texts navigator
Collection
Volume
Page
Wylie

303b1 གསུམ་ལས་ངེས་རྒྱལ་བའི། །རྒྱུད་ཆེན་གསང་བ་མཐར་ཐུག་པ། །སྐྱོབ་པའི་ཐུགས་ཀྱི་དམ་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། ལག་ན་རྡོ་རྗེ་ལ་སོགས་པའི
303b2 རིགས་ཀྱི་འཁོར་རྣམས་དང་། ལྷའི་ཚོགས་ཐམས་ཅད་ཡིད་རངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་གསང་བ
303b3 གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ། །ཁ་ཆེའི་པཎ་ཌི་ཏ་ཙེ་ལུ་དང་། བོད་ཀྱི་ལོ་ཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ་རྫོགས་སྷོ།། །།པ་རི་པྲིདྪ
303b4 རྒྱུད་འདིའི་སྔགས་བཏུའི་སྐབས་སུ། ནཱི་ལཱ~ཾ་གྱི་ལའི་རིང་ཆ་ཆད། བ་ར་ལ་བྷ་བ་ཏུས། པཱ་ཎི་ལ། པ་ལ་རིང་ཆ་ཆད་པ་དང་། ན་མ་ལོག་པ་བཏུས་པ་སོགས་ཐེ་ཚོམ་གྱི་གཞིའོ། །
303b5 ཞེས་ཐམས་མཁྱེན་པ་བུ་སྟོན་གྱི་གསུང་ལས་འབྱུང་ཡང་། སྤྱིར་རྒྱུད་ཀྱི་བརྗོད་བྱའི་དོན་ལ་སྐྱོན་མ་ཞུགས་ན། ཡིག་ནོར་བརྒྱུད་པའི་སྔགས་བཏུའི་ཆད་ལྷག་ཙམ་ལ་སྐྱོན་དུ་གཟུང་ན
303b6 ཧ་ཅང་ཐལ་བར་འགྱུར་པས། འདིར་ནི་དག་པར་བཅོས་ཡོད་དོ། ། @#། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱམ་བ་ར་དྷ་ར་བཛྲ་ཡཱ་ཏཱ་ལ་ནཱ་མ་ཏན་ཏྲ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས
303b7 སྔོན་པོ་ཅན་རྡོ་རྗེ་ས་འོག་ཅེས་བྱ་བའི་རྒྱུད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ས་འོག་རིམ་པ་བདུན་ཀླུའི་རྒྱལ་པོའི་གནས་ན་རིན་པོ་ཆེའི་ཁྲི
303b8 ལ་བཞུགས་ཏེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དང་། རིགས་ལྡན་ལ་སོགས་ཏེ་ཀླུ་རྣམས་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་དང་ཐབས་ཅིག་སྟེ། དེ་ནས་བཅོམ




iiif viewer powered by OpenSeadragon

303a - 304a

Texts on this page

J468 - bcom ldan 'das phyag na rdo rje gos sngon po can gyi rgyud ces bya ba
J469 - 'phags pa lag na rdo rje gos sngon po can rdo rje sa 'og ces bya ba'i rgyud