e-texts navigator
Collection
Volume
Page
Wylie

299a1 ཐུགས་ལམ་ཁྲོ་སྤྲོས་དེ་དག་གིས། །བསྐལ་པའི་རླུང་ལྟར་འཐོར་བར་འགྱུར། །ཕྱག་གིས་རྡོ་རྗེ་རབ་བསྣུན་པས། །རྒྱོགས་གཟེར་བཞིན་དུ་བསྣུན་པར་འགྱུར། །ཧཱུ~ཾ་ཧཱུ~ཾ་འབྲུག་ལྟར་རབ་ཏུ་སྒྲོགས། །
299a2 སྐད་ཀྱིས་ཀུན་ཏུ་བཀུག་པར་བསམ། །དེ་ལྟར་བྱས་འགྱུར་ཐམས་ཅད་འགྲུབ། །ལས་ཀྱིས་མནར་བ་འཇིག་པར་འགྱུར། །ཕྱག་ན་རྡོ་རྗེ་མི་ཤེས་པར། །གང་ཞྀག་གཞན་བསྒྲུབ་སྐལ་དམན་པར། །འདི་ལ་གང
299a3 འགྲུབ་ཐམས་ཅད་འགྲུབ། །མཆོག་དང་ཐུན་མོང་བྱེ་བྲག་གོ། རྡོ་རྗེ་ས་འོག་གི་རྒྱུད་ལས་བསྣུན་པའི་འཁོར་ལོ་སྟེ་ལེའུ་བཞི་པའོ།། །། དེ་ནས་གཞན་ཡང་འཁྲུལ་འཁོར་གྱི། །ཆོ་ག་རྡོ་རྗེ་འཛིན་པས
299a4 གསུངས། །གྲོ་གའམ་ཤིང་ཤུན་དག་ལ་ནི། །རེའུ་མིག་ཉི་ཤུ་རྩ་གཅིག་པའི། །འཁོར་ལོ་དག་ནི་རབ་བྲིས་ཏེ། །ཟླ་བ་ཡར་གྱི་ངོ་ལ་བརྩམ། །རྩེ་གཅིག་སེམས་ཀྱིས་རབ་ཏུ་བྲི། །དབུས་སུ་དྲག་པོའི་ཡི་གེ
299a5 དགོད། །གཉིས་པར་ནོར་འཛིན་ཡི་གེ་སྟེ། །གསུམ་པ་བཛྲ་ཞེས་པ་དང་། །བཞི་པར་ཆུ་ཡིག་དང་པོ་དགོད། །ལྔ་པར་ཎི་ནི་རབ་ཏུ་དགོད། །མཚམས་བཞིར་བསྒྲུབ་བྱའི་གསོད་སྙིང་བྲི། །དེ་ནི་ནང་གི་རེའུ
299a6 མིག་གོ། ཕྱི་ཡི་རེའུ་མིག་བཅུ་གཉིས་ལ། །ོཾ་སྤངས་ཡི་གེ་བཅུ་གཉིས་ལ། །དེ་ཡི་གསང་སྔགས་འདི་ཡིན་ཏེ། །ནཱི་ལཱ~ཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུ~ཾ་ཕཊ་ཞེས་བྱའོ། །རབ་ཏུ་རྫོགས་པའི་འཁོར་ལོ་སྟེ། །བསྒྲུབ་བྱའི
299a7 སྙིང་གར་དྲིལ་དེ་གཞུག་། དང་པོའི་མཐའ་ནས་དྲིལ་བར་བྱ། །དེ་ནས་སྦྱིན་སྲེག་ཆོ་ག་བྱ། །གལ་ཏེ་མནན་པ་བྱེད་འདོད་པས། །སྔར་བཞིན་འཁྲུལ་འཁོར་རྫོགས་བྱས་ནས། །མཐའ་རུ་མནན་པའི་ཆོ་ག
299a8 བྱ། །ཁ~ཾ་ཕོར་གསར་པ་ཁ་སྦྱར་དུ། །བཅུག་ནས་རྡོ་རྗེ་རྒྱ་གྲ~ཾ་བྲི། །རྡོ་ཡི་སྤྱིན་གྱིས་རབ་སྦྱར་ནས། །གཙུག་ལག་ཁང་སོགས་མནན་པར་བྱ། །གལ་ཏེ་རེའུ་མིག་མི་འདོད་ན། །རྩིབས་བཅུ་གཉིས་པའི




iiif viewer powered by OpenSeadragon

298b - 299b

Texts on this page

J468 - bcom ldan 'das phyag na rdo rje gos sngon po can gyi rgyud ces bya ba