| | e-texts navigator
|
296a1 མཁའི་ཁམས། །མཉམ་པར་བསམ་ཏེ་སྔགས་འདི་བརྗོད། །ོཾ་ཨ་ཀཱ་རོ་མུ་ཁ~ཾ་སརྦྦ་དྷརྨྨཱ་ཎཱ~ཾ་ཨཱ་དྱ་ནུཏྤནྣ་ཏྭཱད་ཨོཾ་ཨཱཿཧཱུ~ཾ་ཕཊ་སྭཱ་ཧཱ་ཞེས་བརྗོད་དོ། །བདུད་རྩིར་བསམས་ཏེ་རབ་ཏུ་སྤེལ། །སྤེལ
296a2 བ་གཉིས་ཀྱིས་རྣམ་པར་སྦྱང་། །ནམ་མཁར་ཧྲཱིཿལས་པད་མ་བརྒྱད། །དཔག་ཏུ་མེད་པས་བསམ་བྱ་སྟེ། །གཙོ་བོ་མགོན་པོ་རྣམ་ཐོས་བུ། །གནོད་སྦྱིན་བྱེ་ཚོགས་ཀྱིས་བསྐོར་ཅིང་། །ཀླུ་བརྒྱད་ཀྱིས་མཆོད་སྤྱན
296a3 དྲངས་བྱ། །གནོད་སྦྱིན་རྒྱལ་པོ་དེ་དག་ལ། །རྨུགས་འཛིན་གང་བ་བཟང་པོ་དང་། །ནོར་བཟངས་ཀུ་བེ་ར་དང་ནི། །ཡང་དག་འབྲོག་གནས་ལྔ་རྩེན་དང་། །པི་ཙི་ཀུཎ་ཌ་ལི་རྣམས་ནི། །འཁོར་གྱི་ཚུལ་གྱིས
296a4 གཙོ་ལ་བསྐོར། །ཕྱོགས་དང་མཚམས་སུ་བསམ་པར་བྱ། །བྱེ་བའི་འཁོར་ཚོགས་ཐུན་མོང་ཡིན། །ཀླུ་བརྒྱད་གནོད་སྦྱིན་ཕྱི་ནའོ། །དེ་ནས་ལྕགས་ཀྱུས་སྤྱན་དྲངས་ལ། །མ་བྲལ་གཙོ་དང་ལྕགས
296a5 ཀྱུའོ། །བཞོན་པ་སེང་གེ་རྟ་ཡི་ཚོགས། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་འབར་བའི་རྒྱལ་མཚན་དང་། །ནོར་བུ་རིན་ཆེན་བུམ་པ་དང་། །རིན་ཆེན་འབར་བ་རལ་གྲི་དང་། །
296a6 གྲི་མདུང་ཁང་བརྩེགས་རལ་གྲི་ཕུབ། །མཚོན་ཆ་སྣ་ཚོགས་འཕྱར་བར་བསྒོམ། །སྤྱན་འདྲེན་ཚེ་ན་རྔ་སོགས་དང་། །དུང་ཆེན་འབྲས་སྤོས་དག་ནི་དབུལ། །ོཾ་བཻ་ཤྲ་བ་ཎ་ས་པ་རི་བཱ་ར་ས་མ་ཡ་ཛཿཛཿཧཱུ~ཾ་བ~ཾ་ཧོཿ་།
296a7 ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ཨཱ་ཀར་ཥཱ་ཡ་ཧཱུ~ཾ་ཛཿ་ཞེས་སྤྱན་དྲང་བའི་སྔགས་སོ། །ོཾ་ཨ་མྲྀ་ཏ་ཀུཎ་ཌ་ལི་ཧ་ན་ཧ་ན་ཧཱུ~ཾ་ཕཊ། ཅེས་པ་ནི་བགེགས་བསྐྲད་པའི་སྔགས་སོ། །དེ་ནས་མེ་ཏོག་ལ་སོགས་པས། །
296a8 མཆོད་པ་དག་ནི་ནམ་མཁའ་རུ། །རབ་ཏུ་མཆོད་དེ་སྤྲོ་བར་བྱ། །ོཾ་ནཱི་ལཱ~ཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨཱ་ཛྙཱ་པ་ཡ་ཏི་ཨི་མ~ཾ་བ་ལི་གྲྀཧྞ་ཏུ། ས་མ་ཡ་རཀྵ་ཏུ་མ་མ་སརྦྦ་སིདྡྷིམྨེ་པྲ་ཡ་ཙྪནྟུ་མ་མ་ཀརྨྨཱ་མོ་གྷ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ
iiif viewer powered by OpenSeadragon
295b - 296b