| | e-texts navigator
|
293a1 བྱ། །ོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱམ་བ་ར་ནཱ་ག་ཧྲཱིཿ་གྲྀཧྞ་གྲྀཧྞ་ཧཱུ~ཾ་ཕཊ། ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ་ཧཱུ~ཾ་ཕཊ། བསམ་གཏན་དྲག་པོས་བཟླས་པ་བྱ། །བཟླས་པ་འདི་ལ་རབ་འབད་བྱ། །ཀླུ་རིགས་དུ་མ་ཐམས
293a2 ཅད་ཀུན། །འགུགས་འགྱུར་འདི་ལས་གཞན་དུ་མིན། །ཇི་སྲྀད་འགུགས་པའི་ཏིང་འཛིན་གྱིས། །ཁུགས་པར་གྱུར་པའི་ཀླུ་རྣམས་ཀུན། །ཟངས་གཞོང་ནང་དུ་སྤྱན་དྲངས་ཏེ། །ཁྲོ་བོའི་ཆེ་བ་བརྗོད་ནས་ནི། །དམ་ཚིག
293a3 བསྲེ་ཞིང་དུག་རྣམས་གཞོམ། །སྨན་གྱི་མཆོག་གིས་གསོས་ནས་ནི། །གང་གནོད་ཕྱོགས་སུ་གཤེགས་སུ་གསོལ། །ལེའུ་བཅུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་སྟེ། །ཞི་བའི་ལས་ཀྱིས་མི་འདུལ
293a4 བའི། །ཀླུ་གཟིར་དྲག་སྔགས་བསྟན་པར་བྱ། །ོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱམ་བ་ར་ནཱ་ག་ཧ་ན་ཧ་ན་ཧཱུ~ཾ་ཕཊ། ནཱ་ག་ད་ཧ་ད་ཧ་ཧཱུ~ཾ་ཕཊ། ནཱ་ག་སྥོ་ཊ་སྥོ་ཊ་ཧཱུ~ཾ་ཕཊ། ནཱ་ག་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཧཱུ~ཾ་ཕཊ། ནཱ་ག་གརྫ་གརྫ་ཧཱུ~ཾ་ཕཊ།
293a5 ནཱ་ག་བྷིན་ད་བྷིན་ད་ཧཱུ~ཾ་ཕཊ། བསམ་གཏན་རྡོ་རྗེ་ཐོགས་པ་ཡིས། །གདུལ་བའི་སྟེང་ནས་གདབ་པར་བྱ། །འོག་ཏུ་མེ་ཡི་འཁོར་ལོ་བསམ། །མེ་ཕུང་ཆེན་པོའི་ཏིང་འཛིན་གྱིས། །མེ་འབར་ཀློང་ཆེན་དཀྱིལ་དུ་གཟིར། །
293a6 ཡུངས་ཀར་ཡུངས་ནག་སྐེ་ཚེ་ཡིས། །བརྡེག་ཅིང་ཁྲོ་བོའི་སྤྲུལ་པ་སྤྲོ། །ཁྲ་སྤྱང་ལ་སོགས་རྩ་ལྔའི་གསོབ། །གཅན་གཟན་སྣ་ཚོགས་མཆེ་སྡེར་དང་། །མཆུ་སྡེར་དབབ་ཅིང་སྤྲུལ་པ་སྤྲོ། །མྱུར་དུ་ཐར་བར་གདོན་མི
293a7 ཟ། །ལེའུ་བཅུ་གཅིག་པའོ།། །། དེ་ནས་འཕགས་པ་གོས་སྔོན་ཅན་པོ་ཅན་གྱིས་ཉིད་ལ་ཉིད་ཀྱིས་མཆོད་པ་ཕུལ་བ། ཧཱུ~ཾ་རྡོ་རྗེ་བདུག་པ་མ། བདག་ཉིད་དྲི་ཡིས་རྒྱས་མཛད་མ། །བཛྲ་དྷཱུ་པེ་པཱུ་ཛ་མེ་ཧཱུ~ཾ། །ཧཱུ~ཾ་རྡོ་རྗེ་མེ་ཏོག
293a8 མ། བདག་ཉིད་ཡོངས་སུ་བཀྲ་མཛད་མ། །བཛྲ་པུཥྤེ་པཱུ་ཛ་མེ་ཧཱུ~ཾ། ཧཱུ~ཾ་རྡོ་རྗེ་དྲི་ཆབ་མ། བདག་ཉིད་དངོས་པོ་དག་མཛད་མ། ། བཛྲ་གན་དྷེ་པཱུ་ཛ་མེ་ཧཱུ~ཾ། ཧཱུ~ཾ་རྡོ་རྗེ་མར་མེ་མ། བདག་ཉིད་དཀྱིལ་འཁོར་གསལ་མཛད་མ། །
iiif viewer powered by OpenSeadragon
292b - 293b