| | e-texts navigator
|
351b1 སྐུ་གསུམ་མི་ཕྱེད་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །མ་ཧཱ་བ་ལའི་སྔགས་ལས་ཕྱུང་། །ུཏྤལ་སྤྲིན་དཀར་བྱི་རུའི་ཞལ། །རྩེ་གསུམ་རྔ་ཡབ་རལ་གྲི་དང་། །འཁོར་ལོ་ནོར་བུ་བསྡིགས་མཛུབ་ཅན། །འབྱུང་པོའི་གདན་སྟེང
351b2 བཞུགས་མཛད་པའོ། །ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཅན། །རིག་པའི་སྟོབས་མཆོག་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ུཥྞཱི་ཥ་བི་ཛའི་སྔགས་ལས་ཕྱུང་། །ནམཁའི་མདོག་ཅན་གཙུག་ཏོར་གྱི། །ཕྱག་རྒྱ་སྤྱི་བོར་བཅིངས་པ་སྟེ། །
351b3 རྡོ་རྗེ་རལ་གྲི་པདྨ་དང་། །བསྡིགས་མཛུབ་ཞགས་པ་འཁོར་ལོ་འཛིན། །རྣམ་འཚེ་འཇོམས་མཛད་ས་བདག་གནོན། །ལྷ་རྒྱལ་ཚངས་པ་གནོན་མཛད་པའོ། །རྡོ་རྗེ་གནོད་མཛེས་ཁྲོས་པའི་སྐུ། །རབ་ཏུ་འབྱུང་གནས་ཡེ་ཤེས་ཀྱི། །རྡོ་རྗེའི
351b4 ཏིང་འཛིན་ལ་ཞུགས་ནས། །བརྟན་གཡོ་གདུག་པ་དུག་ཅན་གྱི། །དྲག་པོ་འཇོམས་མཛད་མཐིང་ནག་ཉིད། །སུམ་བྷ་རཱ་ཛའི་སྔགས་ལས་བྱུང་། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །ནོར་བུ་པདྨ་བསྡིགས་མཛུབ་མཛད། །རྣམ་འཚེ་ཞི་མཛད
351b5 ས་བདག་གནོན། །ལུས་ཀྱི་གནས་སུ་ཁྲོ་བོ་རྣམས། །ས་བོན་ཕྱག་མཚན་རྩ་གནས་ལ། །གཡས་མཐིང་ཐོད་དབྱུགས་གཡོན་པར་ནི། །བེ་ཅོན་མགྲིན་པར་པདྨ་ཅན། །གསང་བར་སྣ་ཚོགས་རྡོ་རྗེ་འཁྱིལ། །ཛཿཧཱུ~ཾ་བཾ་ཧོ་སྒོ་བཞི་བསྲུང་། །དྲུག་ལྡན་ཧཱུ~ཾ་གིས་བརྒྱན
351b6 པ་ནི། །ལྕགས་ཀྱུ་དཔུང་གཡས་རྩེ་གསུམ་གཡོན། །ལྷ་ངར་དབྱུག་པ་ཏྲི་ཤཱུ་ལ། །བོང་བུར་རྡོ་རྗེ་སྤྱི་གཙུག་ཏུ། །འཁོར་ལོ་གྱེའུ་འཕགས་གྱུར་པའོ། །ཁྲོ་རྒྱལ་ཐམས་ཅད་ཡུམ་དང་ལྡན། །རིན་ཆེན་ཀླུ་དབང་རྒྱན་གྱིས་སྤྲས། །དབུ་སྐྲ་གྱེན་བརྫེས་མེ་དཔུང་དབུས། །ཡན་ལག་རགས་ཤིང
351b7 བརྗིད་པའི་སྐུ། །ཧ་ཧ་ཧཱུ~ཾ་ཧཱུ~ཾ་སྒྲ་སྒྲོགས་པས། །སྲིད་གསུམ་གཡོ་བར་མཛད་པ་པོ། །དངོས་པོ་མཚན་མར་འཛིན་པའི་གདོན། །ལོག་ལྟ་ཅན་རྣམས་འདུལ་མཛད་པ། །ཡབ་ཡུམ་གཉིས་མེད་སྦྱོར་བ་དགྱེས། །གསང་བ་བདེ་བ་ཆེན་པོ་ཡི། །
351b8 དཀྱིལ་འཁོར་ཡེ་ཤེས་སྙིང་པོ་བསྟན། །ལྷ་ཚོགས་མངོན་པར་འབྱུང་བའི་འཁོར་ལོའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །། ཟབ་པའི་རྒྱན་ལ་རྣམ་པར་དབྱེ་བ་གང་། །མཐའ་ལྡན་དང་ནི་བཤད
iiif viewer powered by OpenSeadragon
351a - 352a