e-texts navigator
Collection
Volume
Page
Wylie

351a1 ཤེས་རབ་མཐར་བྱེད་ཀྱིས། །མངོན་པར་བྱང་ཆུབ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །པྲཛྙཱནྟ་ཀྲྀཏ་སྔགས་ལས་ཕྱུང་། །དུང་མདོག་སྔོ་དང་དམར་བའི་ཞལ། །བེ་ཅོན་དགྲ་སྟ་འཁོར་ལོ་དང་། །རལ་གྲི་ནོར
351a2 བུ་པདྨ་འཛིན། །ལྷོ་སྒོར་གྲུལ་བུམ་གནོན་མཛད་པའོ། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་གིས། །རྡོ་རྗེ་ཆགས་མེད་པདྨ་ནི། །ཡེ་ཤེས་འབྱུང་བའི་ཏིང་འཛིན་ལས། །པདྨ་དྷྲིཀ་ལས་ཕྱུང་བ་ནི། །བྷནྡུ་རི་ཀའི་མདོག་འདྲ་བ། །གཡས
351a3 མཐིང་གཡོན་དཀར་འཇིགས་པར་བྱེད། །པདྨ་རྡོ་རྗེ་ཐོ་བ་དང་། །རལ་གྲི་འཁོར་ལོ་དགྲ་སྟ་ཅན། །ནུབ་སྒོར་ཀླུ་དབང་སྟེང་བཞུགས་པའོ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཡིས། །རྡོ་རྗེ་བྱིན་རླབས་སྙིང་པོའི་ཚུལ། །རྡོ་རྗེ་ཏིང
351a4 འཛིན་ལ་ཞུགས་ཏེ། །བིགྷཱནྟ་ཀྲི་ལས་བྱུང་བ། །མརྐ་ཏ་དཀར་དང་དམར་བའི་ཞལ། །རྒྱ་གྲམ་འཁོར་ལོ་རལ་གྲི་དང་། །གཏུན་ཤིང་དགྲ་སྟ་བསྡིགས་འཛུབ་ཅན། །བྱང་སྒོར་གནོད་སྦྱིན་སྟེང་བཞུགས་སོ། །ཁྲོ་རྒྱལ་མི་གཡོ
351a5 མགོན་པོ་ཡིས། །ཆོས་དབྱིངས་མི་ཟད་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཨཱརྱ་ཨ་ཙ་ལས་ཕྱུང་ཉིད། །བཻ་ཌཱུར་དཀར་དང་དམར་བའི་ཞལ། །རལ་གྲི་འཁོར་ལོ་དགྲ་སྟ་དང་། །པདྨ་ནོར་བུ་བསྡིགས་མཛུབ
351a6 བོ། །མེ་ཕྱོགས་དྲང་སྲོང་གནོན་མཛད་པའོ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས། །བསམ་གཏན་ཐོགས་མེད་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཊཀྐི་རཱ་ཛའི་སྔགས་ལས་ཕྱུང་། །ིནྡྲ་ནཱི་ལ་ཀུནྡ་དམར། །ཕྱག་རྒྱ་བསྣོལ
351a7 བའི་བསྡིགས་མཛུབ་ཅན། །ལྕགས་ཀྱུ་རལ་གྲི་ཨུཏྤ་ལ། །བསྡིགས་མཛུབ་ཞགས་པ་འཛིན་པ་སྟེ། །བདེན་བྲལ་སྟེང་དུ་བཞུགས་པའོ། །ཁྲོ་བོ་རྡོ་རྗེ་བེ་ཅོན་ཅན། །འཇིགས་མཛད་སྙིང་རྗེའི་ཏིང་ངེ་འཛིན། །ནཱི་ལ་དཎྜ་ལས་ཕྱུང་བ། །
351a8 ཆར་སྤྲིན་མདོག་འདྲ་དཀར་དམར་ཞལ། །དབྱུག་པ་རལ་གྲི་ནོར་བུ་དང་། །འཁོར་ལོ་པདྨ་བསྡིགས་མཛུབ་མཛད། །གཏུམ་པོ་མི་བཟད་མེ་དཔུང་ཀློང་། །རླུང་ལྷའི་གདན་ལ་བཞུགས་པའོ། །རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། །




iiif viewer powered by OpenSeadragon

350b - 351b

Texts on this page

J429 - dpal ye shes rdo rje kun las bsdus pa