| | e-texts navigator
|
350b1 དམར་པོ་འཛིན་མཛད་པ། །གཡས་པས་འབྱེད་པར་མཛད་པ་ནི། །དཀྱིལ་དཀྲུང་ནུབ་ཀྱི་ཁྱམས་ལ་བཞུགས། །བྱང་སེམས་སྒྲིབ་པ་ཀུན་སེལ་གྱིས། །ཆོས་རྣམས་ཀུན་ལ་འཇུག་པའི་སྒོ། །རྡོ་རྗེ་ཞེས་པའི་ཏིང་འཛིན
350b2 བཞུགས། །ནི་ཝ་ར་ནི་ལས་བྱུང་བའི། །མརྐ་ཏ་འོད་འཕྲོ་རལ་གྲི་ཅན། །རྒྱན་ལྡན་བྱང་གི་ཁྱམས་ལ་བཞུགས། །དཔལ་ལྡན་བྱམས་པའི་མགོན་པོས་ནི། །རྡོ་རྗེ་སྤྲོས་པའི་སྔགས་བཀོད་ཀྱི། །ཏིང་ངེ་འཛིན་ལ་སྙོམས
350b3 ཞུགས་ཏེ། །མེ་ཏྲི་ནཱ་ཐ་ལས་བྱུང་བ། །དུང་མདོག་ཀླུ་ཤིང་སྤྱི་བླུགས་ཅན། །རིན་ཆེན་རྒྱན་གྱིས་སྤྲས་པ་སྟེ། །ཤར་གྱི་ཁྱམས་ལ་བཞུགས་མཛད་པའོ། །སེམས་དཔའ་ཀུན་དུ་བཟང་པོ་ནི། །ཞིང་ཁམས་ཀུན་ཁྱབ
350b4 མཆོད་སྤྲིན་གྱི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ས་མནྟ་བྷ་དྲ་ལས་ཕྱུང་བ། །ལྗང་མདོག་སྣ་ཚོགས་རྡོ་རྗེ་ཅན། །རིན་ཆེན་སྣ་ཚོགས་རྒྱན་སྤྲས་པ། །བྱང་ཕྱོགས་ཁྱམས་ལ་དཀྱིལ་དཀྲུང་བཞུགས། །པདྨ་ཉི་མའི་གདན་ལ་ནི། །
350b5 འགྱིང་བཅས་ཐོར་ཚུགས་རྒྱན་སྤྲས་པ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །གཙོ་ལ་བསྣོལ་མའི་ཚུལ་གྱིས་གཟིགས། །མེཾ་ཐླྀ~ཾ་ཨོཾ་ཨོཾ་ཨོཾ་དང་ནི། །ཧཱུ~ཾ་ཨོཾ་ས~ཾ་ཉིད་རྣམ་ཤེས་བརྒྱད། །རྣམ་པར་དག་པ་སེམས་དཔའོ། །
350b6 དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བཅུ་པའོ།། །། ཚོགས་སློབ་གང་ཟག་སྒྲ་དོན་སྟོན། །བདེན་པ་གཉིས་སུ་ཡོངས་བསྡུས་པ། །ཁྱད་པར་རྣམ་པར་ངེས་འགྱུར་རོ། །དེ་ནས
350b7 དཀྱིལ་འཁོར་སྒོ་བཞི་དང་། །ཕྱོགས་རྣམས་ཀུན་དུ་ཁྲོ་བོ་བཅུ། །འཇིགས་པའི་གཟུགས་ཅན་བགེགས་འཇོམས་མཛད། །ཞལ་གསུམ་ཕྱག་དྲུག་ལྡན་པའོ། །ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །རྡོ་རྗེ་འཁོར་ལོ་འབར་བ་ཡི། །ཏིང་ངེ
350b8 འཛིན་ལ་སྙོམས་ཞུགས་ཏེ། །ཡ་མཱནྟ་ཀྲྀཏ་ལས་ཕྱུང་བ། །མཐིང་ནག་གཡས་དཀར་གཡོན་དམར་ཞིང་། །རྡོ་རྗེ་ཐོ་བ་འཁོར་ལོ་དང་། །རལ་གྲི་ནོར་བུ་སྡིགས་མཛུབ་ཅན། །ཤར་སྒོར་དྲི་ཟའི་སྟེང་བཞུགས་པའོ། །ཁྲོ་རྒྱལ་ཤེས
iiif viewer powered by OpenSeadragon
350a - 351a