| | e-texts navigator
|
349b1 ཤར་ལྷོར་བཞུགས། །རྡོ་རྗེ་བཙུན་མོ་མཱ་མ་ཀཱིས། །སངས་རྒྱས་རྗེས་སུ་མཉེས་བྱེད་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །དྭེ་ཥ་ར་ཏེ་ལས་བྱོན་པ། །ཐུགས་ཀྱི་རྡོ་རྗེ་མཚུངས་པ་ཉིད། །བཻ་དཱུར་དུང་དང་རཱ་གའི་ཞོལ། །རིན
349b2 ཆེན་སྣ་ཚོགས་རྒྱན་སྤྲས་འགྱིང་། །པད་ཟླར་ལྷོ་ནུབ་གྲཝར་བཞུགས་སོ། །རྡོ་རྗེ་བཙུན་མོ་གོས་དཀར་གྱིས། །རྗེས་སུ་ཆགས་པ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །རཱ་ག་ར་ཏི་ལས་བྱོན་པ། །གསུང་གི་རྡོ་རྗེ
349b3 མཚུངས་པ་ཉིད། །བནྡྷུ་རི་ག་སྔོ་དང་དཀར། །སྒེག་ཅིང་རིན་ཆེན་རྒྱན་སྤྲས་པ། །པད་ཟླར་ནུབ་བྱང་གྲཝར་བཞུགས་པའོ། །རྡོ་རྗེ་བཙུན་མོ་སྒྲོལ་མ་ཡི། །གླུ་མ་རྡོ་རྗེ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །བཛྲ་ར་ཏི་ལས་བྱུང
349b4 སྒེག་། མརྐ་ཏ་དུང་དང་བྷནྡུ་ཀ་།ཕྲིན་ལས་རྡོ་རྗེ་དང་མཚུངས་པ། །རིན་ཆེན་རྒྱན་གྱིས་ལེགས་སྤྲས་པ། །པད་ཟླར་བྱང་ཤར་གྲཝར་བཞུགས་པའོ། །ལུས་ཀྱི་གནས་སུ་ལྟེ་བ་དང་། །སྙིང་ག་མགྲིན་པ་གསང་བ་དང་། །ལཱ~ཾ་མ~ཾ་པཱ~ཾ་ཏཱ~ཾ་ས་བོན་ཉིད། །
349b5 འབྱུང་བ་ནི་ལྷན་ཅིག་སྤྱོད་པ་ཡི། །ལྷ་མོ་ཡེ་ཤེས་བདེ་བར་རོལ། །དེ་ཉིད་མཉམ་པ་ཕྱག་རྒྱ་ཆེ། །ཡེ་ཤེས་མཉམ་པར་སྦྱོར་བ་ལྷ་མོའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བརྒྱད་པའོ།། །། ལྷ་མོ
349b6 གཟུགས་ཀྱི་རྡོ་རྗེ་མས། །དམ་ཚིག་མཆོག་གི་མཆོད་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །བཛྲ་རཱུ་པེ་ཞེས་སྔགས་ལས། །སྐུ་མཆོག་དཀར་མོ་མེ་ལོང་འཛིན། །རྡོ་རྗེ་སྤྱན་མ་དང་མཚུངས་པ། །རིན་ཆེན་རྒྱན་རྣམས
349b7 ཀྱིས་མཛེས་སྤྲས། །མེ་ཡི་ཕྱོགས་ཀྱི་གྲཝར་བཞུགས་པའོ། །ལྷ་མོ་སྒྲ་ཡི་རྡོ་རྗེ་ལས། །ནམ་མཁའི་འོད་ཀྱི་སྤྲིན་རྡོ་རྗེ། །ཚིམ་བྱེད་ཏིང་འཛིན་ལ་བཞུགས་ཏེ། །བཛྲ་ཤབྡ་ལས་བྱོན་པ། །རྡོ་རྗེ་མཱ་མ་ཀཱི་དང་མཚུངས། །
349b8 ཨ་གཽ་རྒྱུད་མངས་སྦྲེང་མཛད་གླུ། །དབྱངས་ཀྱིས་ཀུན་དུ་མཆོད་བྱེད་པ། །བདེན་བྲལ་ཕྱོགས་ཀྱི་གྲཝར་བཞུགས་སོ། །ལྷ་མོ་དྲི་བྱུག་རྡོ་རྗེ་མས། །མངོན་པར་བྱང་ཆུབ་བདུན་སྟོན་པ། །དེ་ཉིད་རྡོ་རྗེའི་ཏིང་འཛིན་བཞུགས། །བཛྲ
iiif viewer powered by OpenSeadragon
349a - 350a