| | e-texts navigator
|
349a1 གནས་པའོ། །དཀྱིལ་འཁོར་གཙོ་བོ་མངོན་པར་འབྱུང་བའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་དྲུག་པའོ།། །། དཔལ་ལྡན་རྣམ་པར་སྣང་མཛད་ཀྱིས། །མངོན་པར་རྟོགས་པ་རྡོ་རྗེ་ཡི། །
349a2 ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཞལ་གསུམ་ཕྱག་དྲུག་ཀུནྡའི་མདོག་།འཁོར་ལོ་དྲིལ་བུ་ཡུམ་དང་རོལ། །རྡོ་རྗེ་ནོར་བུ་གཡས་པ་ལ། །གཡོན་པ་པདྨ་རལ་གྲི་འཛིན། །སྔོ་དང་དམར་དང་གཡས་དང་གཡོན། །གླང་ཆེན་ཁྲི་སྟེང
349a3 པད་ཟླའི་སྟེང་། །རྒྱན་བཅས་སྐྱིལ་དཀྲུང་བཞུགས་པའོ། །བདེ་གཤེགས་རིན་ཆེན་འབྱུང་གནས་ཀྱིས། །བདག་མེད་རྡོ་རྗེ་ལ་བཞུགས་ཏེ། །རཧྣ་དྷྲིག་ཕྱུང་གསེར་གྱི་མདོག་།ཡིད་བཞིན་ནོར་བུ་དྲིལ་བུ་དང་། །འཁོར་ལོ་པདྨ
349a4 རལ་གྲི་ཅན། །དུང་དང་ཨུཏྤལ་མཚུངས་པ་ནི། །རིན་ཆེན་རྒྱན་སྤྲས་རྟ་མཆོག་སྟེ། །ཡུམ་བཅས་དཀྱིལ་དཀྲུང་བཞུགས་པའོ། །དཔལ་ལྡན་ཚེ་དཔག་མེད་པ་ནི། །འོད་ཟེར་འབར་བ་རྡོ་རྗེར་བཞུགས། ། རོ་ལིཀ་ཅེས་རཱ་གའི
349a5 འོད། །སྔོ་དཀར་པདྨ་དྲིལ་བུ་དང་། །རྡོ་རྗེ་འཁོར་ལོ་རལ་གྲི་བཅས། །ཡུམ་བཅས་རྨ་བྱའི་ཁྲི་ལ་བཞུགས། །རིན་ཆེན་རྒྱན་ལྡན་འོད་འཕྲོ་བས། །མཉམ་པའི་དཀྱིལ་དཀྲུང་གིས་བཞུགས་པའོ། །བཅོམ་ལྡན་གདོན་མི་ཟ་བའི
349a6 སྐུ། །ཟིལ་གནོན་རྡོ་རྗེ་ལ་བཞུགས་ཏེ། །པྲཛྙཱ་དྷྲྀ་ཀ་ལས་མརྐ་ཏ་མདོག་།དཀར་དམར་རལ་གྲི་དྲིལ་བུས་འཁྱུད། །རྡོ་རྗེ་འཁོར་ལོ་ནོར་བུ་དང་། །པདྨ་རིན་ཆེན་རྒྱན་ལྡན་ཉིད། །ཡུམ་བཅས་ཤང་ཤང་ཁྲིར་བཞུགས་པ། །
349a7 རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོ་མངོན་པར་འབྱུང་བའི་ཏིང་ངེ་འཛིན་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་རབ་ཏུ་བྱེད་པ་བདུན་པའོ།། །། དེ་བཞིན་གཤེགས་པ་ཐམས
349a8 ཅད་ཀྱི། །རྡོ་རྗེ་བཙུན་མོ་སྤྱན་མ་ཡིས། །རྡོ་རྗེ་འཛིན་པ་ཐམས་ཅད་ཀུན། །མཉམ་བྱེད་དམ་ཚིག་ལ་བཞུགས་ཏེ། །མ་ཧཱ་ར་ཏི་ལས་བྱུང་བ། །དུང་མདོག་སྔོ་དང་དམར་བའི་ཞལ། །སྐུ་ཡི་རྡོ་རྗེ་དང་མཚུངས་པ། །པདྨ་ཟླ་ཉི
iiif viewer powered by OpenSeadragon
348'b - 349b