| | e-texts navigator
|
168a1 རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོག་པ་ཡིས་རབ་ཕྱེ་བ། །རྣམ་པ་རང་བཞིན་རྒྱུ་ཡིན་ཏེ། །
168a2 དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །རིག་ནི་ལྔ་དང་གསུམ་དག་དང་། །ངོ་བོ་ཉིད་གཅིག་རིགས་བརྒྱའོ། །བྱང་ཆུབ་རྡོ་རྗེ་བཅས་གསུངས་པ། །དེ་ནི་ཕྱི་མའི
168a3 རྒྱུད་དུ་འདོད། །དེ་ཉིད་རྣམ་པ་ལྔ་རུ་བཤད། །གསང་བ་རྣམ་པ་གསུམ་དུ་བཤད། །ལྷག་མའི་ལྷ་ནི་གསང་ཆེན་ཏེ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ
168a4 མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །མི་ཕྱེད་དབྱེ་བའི་ངོ་བོ་ཉིད། །རིགས་དང་ལྷན་ཅིག་ལྡན་པས་ན། །རིག་པའི་སྐྱེས་བུ་ཞེས་བརྗོད་དོ། །རྒྱུ་ལྔ་དང་ནི་འབྲས་བུ་ལྔ། །
168a5 རྡོ་རྗེ་ཞེས་ནི་བཤད་པ་ཡིན། །འཆང་བ་འཛིན་པ་ཅེས་གྲགས་ཏེ། །བཛྲ་དྷྲིཀ་ནི་རྣམ་ཤེས་ཡིན། །ཡོད་དང་མེད་དང་དབུས་ལས་འདས། །འབྱུང་དང་འབྱུང་ལས་གྱུར་ལས་བྱུང་། །སེམས་ཅན་ཀུན་གྱི་ལུས་ཡིན
168a6 ཏེ། །སྐྱེ་ལས་རྒྱལ་བ་ཛི་ན་ཛིཀ་། དོན་རྣམས་ཐམས་ཅད་འབྱུང་བས་ན། །སེམས་ནི་རིན་པོ་ཆེ་ཞེས་བྱ། །ཚོར་བ་པོ་ཡིས་ངེས་ཚོར་བས། །ཚོར་བ་རད་ཎ་དྷྲིག་ཏུ་འདོད། །མཚན་གཞི་མཚན་ཉིད་དངོས་པོ་ཡིས། །
168a7 ཀུན་ལ་ཀུན་གྱིས་ཐམས་ཅད་དུ། །དགའ་བའི་མཚན་ཉིད་མཚན་གཞི་ནི། །ཱ་རོ་ལིཀ་ཅེས་བཤད་པ་ཡིན། །རྣམ་ཤེས་རབ་མཐར་ཕྱིན་བྱེད་པ། །གང་ཡིན་དེ་ནི་ཤེས་རབ་སྟེ། །འདུ་བྱེད་སེམས
168a8 པ་འཛིན་པས་ན། །པྲཛྙཱ་དྷྲིཀ་ཅེས་བྱ་བར་བཤད། །རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིག་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །རྒྱུ་འབྲས་གཉིས་ལ་སྡང
iiif viewer powered by OpenSeadragon
167b - 168b