| | e-texts navigator
|
318a1 ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན
318a2 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ
318a3 རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་བཞི་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ
318a4 ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ
318a5 ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག
318a6 འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ
318a7 མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་ལྔ་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ
318a8 ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ
iiif viewer powered by OpenSeadragon
317b - 318b