| | e-texts navigator
|
312b1 ནམས་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་ཡང་ང་ད་ལྟར་བྱུང་བའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས
312b2 རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་ཏེ། རྒྱུ་གསུམ་པོ་རིགས་དང་།
312b3 སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ། །བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང
312b4 ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས་ན་བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ཤེས་རབ་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས།
312b5 གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ
312b6 ལགས་སོ། །བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ། །གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །གནས་འཇོག་གི་རྒྱུད་དག་རྒྱ་མཚོ
312b7 ཆེན་པོ་ནི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ། རྒྱར་དཔག་ཏུ་མེད་པ་དེ་སྣག་ཚའི་སྙིང་ཁུས་ཡོངས་སུ་གང་བར་གྱུར་ཅིང་། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་ཆུའི་ནང་ནས་མངོན་དུ་འཕགས་ཏེ། རིན་པོ
312b8 ཆེ་སྣ་བཞི་ལས་བྱས་ཤིང་། ངོས་བཞི་ཡོད་པ། དེའི་ངོས་གཅིག་ནི་གསེར་ལས་བྱས་པ་ཡིན། ངོས་གཉིས་པ་ནི་དངུལ་ལས་བྱས་པའོ། །གསུམ་པ་ནི་བཻ་དཱུརྱ་ལས་བྱས་པའོ། །བཞི་པ་ནི་ཤེལ་ལས་བྱས་པ་སྟེ།
iiif viewer powered by OpenSeadragon
312a - 313a