| | e-texts navigator
|
14a1 བ་གཅིག་པོ་དེ་ནི་ཕྱི་ནང་ན་འང་མི་གནས། བར་ན་འང་མི་གནས། སྨྲ་བ་འང་མེད། བཤད་པ་འང་མེད་དོ། །ཇི་ལྟ་བུར་ན་དེའི་ནང་ནས་ནད་ཀྱི་རྩི་བྱེ་བྲག་དབྱེ། བྱེ་བྲག་དབྱེ་བ་མེད་ན
14a2 བྱེ་བྲག་དབྱེ་བའི་ཤེས་རབ་ཡིན་ནོ། །རིགས་ཀྱི་བུ་ཕོ་སེམས་གཅིག་དང་། གཙང་གདང་བ་གཅིག་དང་། སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་དང་། འདི་རྣམས་དང་བྲལ་ན་སངས་རྒྱས་བཙལ་དུ་ཡང་མེད།
14a3 ཆོས་བཤད་དུ་ཡང་མེད། དགེ་འདུན་ཐོབ་པ་འང་མེད་དོ། །ཇི་ལྟ་ཞེས་བྱས་ན། སངས་རྒྱས་ནི་ཆོས་ཡིན་ནོ། །ཆོས་ནི་དགེ་འདུན་ཡིན་ནོ། །དེ་ལྟ་བས་ན་ངས་ཆོས་ཀྱི་ཡི་གེ་འདི་བཤད་པ་སེམས་ཅན་གྱི་ལུས་གཅིག་།
14a4 སེམས་གཅིག་།གཙང་གདང་བ་གཅིག་།སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་།སངས་རྒྱས་ཀྱི་ཆོས་ཀྱིས་གཅིག་།བྱང་ཆུབ་ཀྱི་སྡོང་པོ་གཅིག་གིས་ཁམས་སོ་ཅོག་ཐམས་ཅད་གང་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་དུ
14a5 ཆུད་དོ། །རིགས་ཀྱི་བུ་ཕོ་སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་ཡི་གེ་འདི་ལས་སྐྱེས་སོ། །ཆོས་སོ་ཅོག་ཀུན་ནི་ཆོས་ཀྱི་ཡི་གེ་འདི་ལས་བྱུང་ངོ་། །དགེ་འདུན་ཐམས་ཅད་ཀྱང་ཆོས་ཀྱི་ཡི་གེ་འདི་ལས་སྣང་ངོ་། །ཆོས་ཀྱི་ཡི་གེ་འདི
14a6 མནོས་ཤིང་གཟུངས་སུ་འཛིན་པ་ནི་མིང་དཀོན་མཆོག་གསུམ་གཟུངས་སུ་འཛིན་པ་ཞེས་བྱའོ། །ཆོས་ཀྱི་ཡི་གེ་འདི་ཀློག་ཅིང་འདིའི་གཞུང་རྒྱ་ཆེར་ཀློག་ཏུ་བཅུག་ན་ལ་ལ་ཞིག་ན་བ་ཡོད་ན་འང་ཀུན་སོས་ཏེ་འདྲེ་གདོན་དང་ངན་པའི
14a7 རྣམས་ཉེ་ནུས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་སེམས་ཅན་ལ་ཕན་བསོད་དེ་ལྟ་བུ་ཡོད་ཀྱིས་ངས་ཆོས་ཀྱི་ཡི་གེ་འདི་ཁྱོད་ལ་གཏམས་ཏེ། གཏད་ལ་གཅིག་ཏུ་ན་སེམས་ཅན་ལ་ར་མདའ་བྱ་ཞིང་བསྒྲལ་བའི་ཆོས
14a8 ཉུང་དུ་ཐོས་ལ་མང་དུ་ཤེས་པ་དང་། ཉུང་དུ་མཐོང་བ་ལ་མང་དུ་རིག་པ་དང་། ཡི་གེའི་རི་མོ་མང་དུ་མ་བཙལ་བར་གཞུང་གི་མངོན་རྟགས་ཐོབ་པ་ཡང་བཤད་ཀྱིས། ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་རྣམས་ཀུན་སེམས
iiif viewer powered by OpenSeadragon
13b - 14b