| | e-texts navigator
|
220a1 དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་བསབས་པའི་རྔོ་མི་ཐོག་སྟེ། འདི་ལྟར་བདག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕན་གདགས་པའི
220a2 སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་ཅི་ནས་བདུད་དང་། ཕྱིར་རྒོལ་བ་ངེས་པར་བཅོམ་ནས་འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་བ་དེ་ལྟ་བུར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་བྱིན་གྱིས
220a3 བརླབ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས
220a4 དང་། གསང་སྔགས་ཀྱི་གཞིའི་བྱིན་བརླབ་ངས་བསྟན་པར་བྱ་སྟེ། རིག་སྔགས་དང་། གསང་སྔགས་ཀྱི་གཞི་དེ་དག་གིས་བདུད་ཐམས་ཅད་དང་། ཕས་ཀྱིས་རྒོལ་བ་ཐམས་ཅད་ཀྱང་ཤིན་ཏུ་ཚར་གཅོད
220a5 པར་འགྱུར་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྒྲོན་མ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་རོ། །ཏདྱ་ཐཱ། ཨ་བྷ་ཡེ། བྷ་ཡ་བི་ག་ཏེ། བྷ་ཡ་བི་ཤོ་དྷ་ནེ། ཨ་བྷ་ཡ་ད་དེ། ནི་རུ་བྷ་དྲ་བེ། ཨཱ་ན་ཨུ་ལེ།
220a6 ཨ་ཀུ་ལ་ས་ཤོདྷ་ནེ། ཨ་གྲ་ཧེ། ཨ་བི་བཱ་དེ། ཨ་གལྤེ། ཨ་གལྤེ། ཨ་ཅྱུཏྟེ། ཤུ་བྷ་ཏེ་ཛེ། ཏེ་ཛོ་བ་ཏི། མ་ཧཱ་ཏེ་ཛེ། ཨུ་བཱ་ཤ་མེ། མཻ་ཏྲྱངྒ་ཏེ། ཤོ་ཥ་ཡ་མ་ནེ། སཏྱ་དཪྴ་ནེ། ཨ་བི་རུ་ད་ཧེ་ས་ཧི་ཏ
220a7 ཨརྠེ། ཨརྠ་སིདྷེ། ཨ་མྲི་ཏ་བ་ཏེ། སཱ་ག་ར་བ་ཏི། ཨ་བྷི་ཏེ། བཛྲ་སནྡྷི། ཨཀྵ་ཡེ། ཨཀྵ་ཏ་པྲ་བྷེ། ཛ་ཏི་བི་ཤོདྷ་ནེ། ཤུདྡྷེ། ཤུདྡྷེ། ཨ་བ་བྷཱ་ས་བ་ཏི། ས་མ་པྲ་ཡོ་གེ། ས་མ་ཙི་ཏེ།
220a8 ཨ་ནུཏྟ་རེ། བུདྡྷ་ཨ་དྷིཥྛ་ནེ། ཤི་ལ་བྷི་ཤོ་དྷ་ནེ། ཨནྟི་ཀྲ་མ་ཎེ། ཨ་སཾ་ཧརྱེ། ནི་གི་ཧཱི་ཏ~ཾ་མ་ར་བ་ལམ། པ་ར་ཛ་ཡོ་དྲི་ཥྚི་ག་ཏཱ་ན~ཾ། ཛྭོ་ལཱ་ན~ཾ་དྷ་མོལྐཱ་ནཱ~ཾ། ས~ཾ་གྲི་ཧི་ཏཱ་ན། དྷརྨ་ཏཱ་ནཱ~ཾ། ཨུངྒྷ་ཊཱི་ནཱ~ཾ།
iiif viewer powered by OpenSeadragon
219b - 220b