e-texts navigator
Collection
Volume
Page
Wylie

330b1 གང་བགྱིས་དང་། །ཉེས་བསམས་ཉེས་པར་སྨྲས་པ་དང་། །ཉེས་པར་བགྱིས་པའི་ལས་རྣམས་དང་། །ཉེས་པའི་དམིགས་སུ་མ་བལྟས་པས། །བདག་གིས་སྡིག་པ་གང་བགྱིས་དང་། །བྱིས་པའི་བློ་ཡིས་འཇུག་པ
330b2 དང་། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང་། །ཉོན་མོངས་རྣམ་པར་འཁྲུག་སེམས་དང་། །རྩེད་མོ་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱིས་མི་ཆོག་ཉེས་པ་ཡིས། །
330b3 བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲེ་བ་དང་། །ཕྲག་དོག་སེར་སྣ་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཕོངས་པ་བྱུང་བའི་དུས་ཀྱི་ཚེ། །འདོད
330b4 པ་རྣམས་དང་འཇིགས་རྒྱུ་དང་། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །གཡོ་བའི་སེམས་ཀྱིས་དབང་ཉིད་དང་། །འདོད་དང་ཁྲོ་བའི་དབང་དག་དང་། །བཀྲེས་དང་སྐོམ་གྱིས་ཉེན་པ
330b5 ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །བཟའ་བ་དག་དང་བཏུང་བ་དང་། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང་། །ལུས་དང
330b6 ངག་དང་ཡིད་ཀྱིས་སྡིག་། ཉེས་པར་སྤྱད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང་། །
330b7 དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །
330b8 གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་དང་། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག




iiif viewer powered by OpenSeadragon

330a - 331a

Texts on this page

J8(f) - 'phags pa gser 'od dam pa mdo sde'i dbang po'i rgyal po las gsungs pa'i smon lam