e-texts navigator
Collection
Volume
Page
Wylie

84b1 རུ་ལུ་ཧཱུཾ་བྷྱོའི་གསུང་སྒྲོག་པ། །ཁྲོ་བོ་རྔམ་པའི་སྒྲ་སྐད་ཀྱིས། །སྲིད་པ་གསུམ་ཆར་བཤིག་ནས་ཀྱང་། །སྟོང་གསུམ་བསྒྲལ་བའི་སྒྲ་འབྱིན་པའོ། །སྟི་ར་རྔ་ཆེན་འདི་བརྡུངས་པས། །
84b2 གནོད་སྦྱིན་སྲིན་པོ་ཀུན་བསྒྲལ་ཏེ། །མུ་སྟེགས་ཀུན་གྱི་སྙིང་ཡང་འབྱིན། །སྟི་རའི་རྔ་ཆེན་འདི་བསྒྲགས་པས། །སྟོང་གསུམ་ཁྲོ་བོའི་ཚོགས་ཀྱིས་བཀང་། །ཀུན་ཀྱང་རྔ་བརྡུང་དི་རི་རི། །
84b3 རྔ་སྒྲ་ཆེན་པོས་སྟོང་གསུམ་བཤིག་།རྔ་སྒྲ་ཆེན་པོས་བདུད་དཔུང་བསྒྲལ། །རྔ་སྒྲ་ཆེན་པོས་སྲིད་གསུམ་སྦྱངས། །རྔ་སྒྲ་ཆེན་པོས་སྒྲ་བགེགས་འདུལ། །རྔ་སྒྲ་ཆེན་པོས་ངན་སོང
84b4 སྦྱངས|་|རྔ་སྒྲ་འབྲུག་གི་སྒྲ་བསྒྲགས་པས། །ན་རག་དམྱལ་ཁམས་སྟོང་བར་བྱེད། །རྔ་སྒྲ་སྟུག་ཆེན་རི་རབ་སྙིལ། །སྟི་ར་རྔ་ཆེན་སྒྲ་ཕྱུང་བས། །ཕྱིན་ཅི་ལོག་རྣམས་སྙིང་ཡང་འབྱིན།།
84b5 རྔ་ཆེན་འབྲུག་གི་སྒྲ་སྒྲོག་ཅིང་། །རྔ་ཐབས་གློག་སྟོང་འགྱུ་བ་བཞིན། །དེ་བཞིན་གཤེགས་པའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོའི་དམ་ཚིག་བསྐངས། །རྣལ་འབྱོར་རྣམ
84b6 ལྔའི་དམ་ཚིག་བསྐུལ། །སྟི་ར་རྔ་ཆེན་འདི་བརྡུངས་པས། །ཉན་ཐོས་མདོ་སྡེ་གནས་ནས་སྦར། །རང་རྒྱལ་ལྟ་བ་དབྱིངས་སུ་སྒྲོལ། །སྟི་རའི་རྔ་ཆེན་འདི་བསྒྲགས་པས། །ལྷ་དང་མི་ཡི
84b7 ཐེག་པ་ཡང་། །བླ་མེད་ཐེག་པའི་དབྱིངས་སུ་བཙུད། །སྟི་ར་རྔ་སྒྲ་འདི་བསྒྲགས་པས། །སྟོང་ཁམས་སྟི་རའི་རྔ་སྒྲས་བཀང་། །ཀུན་ཀྱང་རྔ་རྡུང་དི་རི་རི། །རྔ་ཐབས་གློག་སྟོང་ལྕེ་འབྱིན




iiif viewer powered by OpenSeadragon

84a - 85a

Texts on this page

H801 - gsang ba'i snying po de kho na nyid nges pa'i bla ma chen po'o