e-texts navigator
Collection
Volume
Page
Wylie

454b1 རང་བྱུང་ཡེ་ཤེས་གནས་མེད་ཡིན། །མཐོང་བའི་ཚུལ་གྱིས་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །
454b2 དེ་བཞིན་གཤེགས་པའི་གསུང་རྣམས་ནི། སྒྲ་དང་མིང་ཚིག་ཀུན་ལས་འདས། །བརྗོད་མེད་རང་བཞིན་ཀུན་ཏུ་གོ་།ཉོན་མོངས་མེད་ཅིང་བླ་མེད་སྒྲ། །མ་བརྗོད་སྟོང་གསུམ་གྲགས་པ
454b3 ཡི|་|གསུང་བརྗོད་བསམ་གྱིས་མི་ཁྱབ་པ། །བརྗོད་པ་ཉིད་ན་སྟོང་གསུམ་མེད། །དེ་ཉིད་སྣ་ཚོགས་བརྗོད་པ་འོ། །ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ། །ཡང་དག་རྟོག་པས་རབ་བརྟགས
454b4 པ|་|གཞི་རྩ་མེད་དབྱིངས་སྐད་ཅིག་མ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །དེ་ཉིད་སྣ་ཚོགས་འབྱུང་བའི་རྒྱུ། །སུས་ཀྱང་མ་བཅོས་མ་བྱས་པ། །བདག་གིས་བདག་ཀྱང་དམིགས
454b5 མི་འགྱུར། །དངོས་མེད་ཀུན་ལ་དབང་སྒྱུར་བ། །སྐུ་གསུང་ཡང་དག་ལྡན་ན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །མི་འགྱུར་སངས་རྒྱས་ཞིང་དུ་འུབས། །སྤྱོད་ཡུལ་མ་ལུས་ཐམས
454b6 ཅད་ལ། |ཇི་ལྟར་དམིགས་པ་བཞིན་དུ་འབྱུང་། །མི་ཟད་པ་ཡི་གཏེང་ཆེན་འགྲུབ། །གཞན་གྱིས་དབྲོག་ཏུ་མེད་པ་ཡིད། །བོ་དེའི་དཀོར་ནི་རིན་པོ་ཆེ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །
454b7 བྱ་བྱེད་མེད་པར་རྣམ་ཞི་མཛད། །མཛད་དང་མཛད་པར་བྱ་བ་མེད། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད། །སྤྱོད་མེད་ངང་གི་དཀྱིལ་འཁོར




iiif viewer powered by OpenSeadragon

454a - 455a

Texts on this page

H798 - gsang ba'i snying po de kho na nyid nges pa